ཀྲུང་དབྱང་ཁེ་ལས་དང་མཐོ་སློབ་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་སྦྱོང་བ།
ཉིན་ཤས་བསྟུད་མར། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་བཞིན་ཡོད་པ་རེད། ཚང་མས། རྒྱང་ལམ་གསར་པའི་ཐོག་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། འབད་འབུངས་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《གཏན་འབེབས་》ནང། དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བས། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ལྡན་ཡོང་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད་ཅེས་བསྟན་ཡོད།
ཚང་མས། དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་རླབས་ཆེན་གྲུབ་འབྲས་ཐོབ་པ་དེས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་བརྗོད་ཡོད།
ཀྲུང་གོ་ཞིང་ལས་དངུལ་ཁང་ཞིང་གསུམ་གཞུང་ཕྱོགས་ལས་སྒོ་པུའི་སྤྱི་ཁྱབ་སྤྱི་གཉེར་ཤིན་ཧྥེང་ཆིན་གྱིས། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་ཐད་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད། ང་ཚོས་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་དངུལ་རྩའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཀྲུང་གོ་ཀོང་ཧོ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་སྤྱི་གཉེར་ཕང་སུང་ཐའོ་ཡིས། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། ཏང་གི་ཆབ་སྲིད་ཀྱི་བཟང་ཆ་དང་། རྩ་འཛུགས་ཀྱི་བཟང་ཆ་དེ་ཁེ་ལས་ཀྱི་འཕེལ་རྒྱས་བཟང་ཆར་བསྒྱུར་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《གཏན་འབེབས་》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་མས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་མུ་མཐུད་འབད་བརྩོན་བཅས་བྱས་ནས། 《གཏན་འབེབས་》ཀྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆིན་ཤོན་གྱིས། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དེ་སློབ་གཞི་དང་། སློབ་ཁྲིད། ཀླད་པ་བཅས་ནང་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། གཞོན་ནུ་སློབ་མ་ཚོས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རང་འགུལ་ངང་མི་སྒེར་གྱི་ཕུགས་བསམ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བརྗོད་པ་རེད།
ཀྲུང་གོ་རུང་ཐུང་རྒྱུ་ནོར་དོ་དམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་དང་མང་ཚོགས་ལས་དོན་པུའི་ཀྲུའུ་རེན་ཁྲའེ་རུའེ་ཧྲེང་གིས། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ནན་པའི་བླང་བྱ་དེ་འགན་འཁྲི་དང་ལས་སྒོ་གཙོ་བོའི་ནང་ལག་བསྟར་བྱེད་པ་དང་། དངོས་སྒྲུབ་ཀྱི་ཚད་གཞི་དེ་གཞི་རིམ་དུ་དོན་འཁྱོལ་ཐུབ་པ་བྱས་ཏེ། ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད།
ཀྲུང་གོ་ཀྲུང་གོ་ལྕགས་ལམ་ཀུང་སིའི་ཏང་འཛུགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲང་ཞན་ཕེང་གིས། ང་ཚོས་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཕྱོགས་སྟོན་མངོན་གསལ་དོད་པོ་མཐའ་འཁྱོངས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ། འཕྲལ་སྒྲུབ་གེགས་སེལ་རོགས་སྐྱོབ་སོགས་བྲེལ་མྱུར་དཀའ་ལྡན་དང་ཉེན་ལྡན་གལ་ཆེ་བཅས་ཀྱི་ལས་འགན་ཁྲོད་འགན་འཁྲི་ཡག་པོ་འཁུར་བ་དང་མདུན་དུ་གདོང་མཆོང་བྱེད་པ་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
ཚང་མས། རྒྱལ་ཡོངས་གོང་འོག་ཚང་མས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པར་དཀའ་སྤྱད་འབད་འཐབ་བྱེད་པའི་འགག་རྩའི་མཚམས་འདིར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པའི་བྱ་སྤྱོད་ཏན་ཏིག་ལ་འགྱུར་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་བརྗོད་ཡོད།
ཀྲུང་གོ་དངུལ་ཁང་གི་ཉོ་ཚོང་དངུལ་ཁང་དང་གཏོང་སྤྲོད་ཞིབ་རྩིས་པུའི་ཏང་སྤྱི་ཁྱབ་ཀྲེ་པུའི་ཧྲུའུ་ཅི། སྤྱི་ཁྱབ་སྤྱི་གཉེར་ཀྲང་ཤིན་ཡོན་གྱིས། ང་ཚོས་ནན་པའི་རྨང་གཞི་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་མཁན་ཡག་པོ་ཞིག་བྱེད་པ་དང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར་ཉོ་ཚོང་གི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་གནས་བབ་ཆེན་པོ་ནས་འགོ་བཙུགས་ཏེ། གཞི་གཅིག་ཅན་གྱི་གཉེར་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་རྒྱལ་སྤྱིའི་མཇུག་རྩིས་དང་རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་མཇུག་རྩིས་ཀྱི་དངུལ་རྩའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིའི་ཧྭ་བྱང་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལག་བསྟར་སྤྱི་འདོམས་པ་ལུའོ་ཁྲུའུ་ཝུན་གྱིས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ང་ཚོས་ནན་པའི་གྲུབ་འབྲས་དེ་ལས་ཀ་བྱེད་པའི་བློ་སྟོབས་ལ་འགྱུར་བར་བྱ་རྒྱུ་ཡིན། བདེ་འཇགས་འགན་ལེན་དང་། དམངས་འཚོ་འགན་ལེན། དྲོད་མཁོ་འདོན་འགན་ལེན་བཅས་བྱ་རྒྱུ་ཨང་དང་པོར་བཞག་ནས། འགག་རྩའི་དུས་སུ་མཁོ་སྤྲོད་ཐུབ་པ་དང་། མཁོ་སྤྲོད་བརྟན་པོ། མཁོ་སྤྲོད་འདང་ངེས་བཅས་བྱས་ཏེ། བློས་འགེལ་ཆོག་པ་དང་བརྟན་པོ་ཡོད་པའི་ནུས་ཁུངས་མཁོ་སྤྲོད་ལ་བརྟེན་ནས། ནུས་ཁུངས་མ་ལག་གསར་པ་དང་ནུས་ཁུངས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།
པེ་ཅིང་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཀྲོའུ་པོ་ཡིས། པེ་ཅིང་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་ནི་ཡན་ཨན་ནས་ཡོང་བའི་མཐོ་སློབ་ཅིག་ཡིན་ཞིང་། དེས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ཡོད། ང་ཚོས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཞི་གཅིག་ཏུ་དོན་འཁྱོལ་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུ་དང་། རྒྱུགས་ལེན་གྱི་ལམ་བུ་གསར་པའི་ཐོག་དེ་བས་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་འདེབས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
