སྡེ་དགེ་རྫོང་སྲིད་གྲོས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཁྲིམས་སྐྱོང་དམངས་ཕན་བདེ་འཇགས་དགོན་སྡེར་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། ཟླ་བ་མཚོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༣

ཉེ་ཆར། སྡེ་དགེ་རྫོང་སྲིད་གྲོས་ཀྱིས་སྣེ་ཁྲིད་དེ་རྫོང་ཆོས་ལུགས་ཅུས་དང་ཁྲིམས་འཛིན་ཅུས། ནོར་སྲིད་ཅུས། སྨན་བཅོས་འགན་བཅོལ་ཅུས། ནང་བསྟན་མཐུན་ཚོགས། མེ་ཟོན་རོགས་སྐྱོབ་རུ་ཆེན་སོགས་སྡེ་ཚན་དང་མཉམ་འབྲེལ་སྒོས། ཁྲོ་ལའི་ཤར་ནུབ་གཞོགས་གཉིས་ཀྱི་དགོན་སྡེ་ལྔ་རུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་དུས་བདེ་ཞི་མཐུན་གྱི་དགོན་སྡེ་མཉམ་སྐྲུན་བྱས། རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང་《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱ་ཐབས》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག》《བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་སྒྲུབ་མི་སྣའི་ཐོབ་ཐང་ངོས་འཛིན》སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་དང་གྲྭ་དམངས་ལ“འདུ་ཤེས་གསུམ”བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ“ངོས་འཛིན་གཅིག་མཐུན་ལྔ”ཟབ་ཏུ་བཏང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་རྨང་གཞི་བརྟན་དུ་གཏོང་།

ལས་དོན་ཚོགས་ཆུང་གིས་དུས་གཅིག་ཏུ་ནོར་ཁྲལ་ལྟ་སྐུལ་དོ་དམ་དང་དགོན་སྡེའི་ནོར་དོན་མཉེན་ཆས་ཁྱབ་གདལ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ནས་དགོན་སྡེ་ཚད་ལྡན་དོ་དམ་ལ་རམ་འདེགས་བྱས་པ་རེད། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་དགོས་ངེས་ཀྱི་རྩ་གཉིས་ཨང་རྟགས་སྦྱར་བ་དང་དགོན་སྡེའི་བཅའ་ཁྲིམས་གསལ་པོ་ཤེས་མཁན་སྐྱེད་སྲིང་བྱས་པར་མ་ཟད། སྲིད་ཇུས་ཀྱི་དཔེ་དེབ་དང་དམངས་ཕན་ཁུག་མ། སྨན་བཅོས་མཁོ་ཆས་བཅས་སྤྲད་དེ། ལུས་སེམས་གསོ་བའི་ཞབས་ཞུ་དགེ་འདུན་པའི་གམ་དུ་བསྐྱལ་བ་རེད། ལས་དོན་ཚོ་ཆུང་གིས་ད་དུང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་འགྲོ་སོང་རྩིས་ཞུའི་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས་གྲྭ་དམངས་ཀྱི་འགན་བཅོལ་བྱེད་དགོས་རིགས་འགན་བཅོལ་གང་ཐུབ་བྱེད་པར་སྐུལ་འདེད་བཏང་། དགོན་པའི་དགུན་དུས་མེ་ཟོན་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་དམིགས་ནས་མེ་ཟོན་ཡོ་བྱད་དང་ཆུ་གསོག་སྒྲིག་ཆས་སོགས་ཀྱི་མངོན་མེད་རྐྱེན་ངན་གནས་སར་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད། དགོན་སྡེ་དང་སྲིད་གྲོས་ཨུ་ཡོན་གྱི་རེ་ཞུ་ངོ་ཐུག་གདོང་འཕྲད་ཀྱིས་བསྡུ་རུབ་བྱས་པ་དང་། དེའི་ནང་ཨུ་ཡོན་གྱིས་བཏོན་པའི་དུས་འགོའི་གྲོས་གཞི་སྒྲུབ་པའི་མྱུར་ཚད་གནད་དོན་ལ་དོ་ཁུར་བྱས་པ་དང་། ལས་དོན་ཚོགས་ཆུང་གིས་ཐོ་འགོད་བྱས་ཟིན་པ་དང་འབྲེལ་མཐུད་རྗེས་སྙེག་དང་དུས་ཐོག་ཏུ་ལྡོག་འདྲེན་བྱ་རྒྱུ་རེད།

རྗེས་མར་རྫོང་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རྩ་འཛུགས་སྡེ་ཚན་འཐབ་ས་དང་པོར་བསྐྱོད་དེ་རེ་ཞུ་བསྡུ་རུབ་དང་། སྒྲུབ་འགན་སྤྲོད་པ། ལྡོག་འདྲེན་བཅས་ཀྱི་བཀག་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་དྲང་ཕྱོགས་སྟོབས་ཤུགས་བདེ་འཁོད་ཀྱི་དུས་རབས་གསར་པའི་རིག་གནས་སྡེ་དགེ་འཛུགས་སྐྱོང་ལ་ནུས་པ་འདོན་རྒྱུ་རེད།