ཡོམ་རྗེས་འཕྲོད་བསྟེན་འགན་ལེན་གྱི་ལས་དོན་འདི་ལྟར་སྤེལ་ཡོད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམ་ཁག་སྨན་བཅོས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། སྦྲ་ཆེན་རྫོང་དམར་རུ་ཤང་དུ་སྨན་བཅོས་སྐྱོབ་བཅོས་དང་། རིམས་འགོག་སྨན་ཁབ་རྒྱག་པ། སེམས་ཁམས་ཐེ་གཏོགས། བདེ་ཐང་སྒྲོག་འགྲེལ། ཁོར་ཡུག་དུག་སེལ། སྨན་བཅོས་ཟོག་རོ་གཙང་སེལ་སོགས་སྨན་བཅོས་འཕྲོད་བསྟེན་འགན་ལེན་ལས་དོན་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས་ཡོད།

དམར་རུ་ཤང་གི་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་18ཀྱི་གྲོང་ཚོའི་སྨན་པ་36ལས་གྲུབ་པའི་འཕྲོད་བསྟེན་རིམས་འགོག་དང་བླངས་ཞབས་ཞུ་རུ་ཁག་དང་། བདེ་ཐང་སྒྲོག་འགྲེལ་རུ་ཁག་གིས་དུད་ཚང་དུ་བསྐྱོད་དེ་བདེ་ཐང་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་འབྲེལ། བཀོད་སྒྲིག་བྱ་ཡུལ་དང་སྤྱི་པའི་ས་ཁོངས་སོགས་གཙོ་གནད་ས་ཚིགས་སུ་རྒྱུན་རྣམ་ཅན་གྱི་དུག་སེལ་བྱས་པ་རེད།
མིག་སྔར་ཤང་ཡོངས་ཀྱི་གེགས་རྗེས་སྨན་བཅོས་འཕྲོད་བསྟེན་འགན་ལེན་ཐད་སྔོན་འགོག་ནས་ཐག་གཅོད་བར་གྱི་གདུབ་ཟུམ་རྣམ་པ་ཆགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
