རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོའི་ས་ཚིགས་14པ་མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་དུ་འབྱོར།

སྤྱི་ཟླ་10པའི་ཚེས་19ཉིན། ཀྲུང་གོའི་ལོ་ཆུང་བྱིས་པ་ཐེབས་རྩྭ་ཚོགས་པའི་ལོ་ཆུང་བྱིས་པའི་སྤྱི་ཕན་སློབ་གླིང་གིས་ཧྲེན་ཀྲེན་དབྱིང་ལང་ཉི་ནུས་གློག་སྒྲོན་དང་མཉམ་འབྲེལ་བྱས་ནས་གཙོ་གཉེར་བྱས་པ་དང་། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་གཞོགས་འདེགས་བྱས་ནས་སྒྲུབ་པའི“རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་། དབྱིང་ལིང་གིས་ཐོག་མའི་བསམ་འདུན་གསལ་པར་མངོན”ཞེས་པའི་རྒྱང་སྐྱོད་ལམ་བུར་བསྐྱར་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོའི་ས་ཚིགས་14པ་མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་དུ་འབྱོར་བ་དང་། བྱེད་སྒོ་དེ་ནི་ཏེ་དབྱང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་གཅེས་སེམས་ལག་ལེན་ཞིག་ཡིན་ལ། རྒྱང་སྐྱོད་ཀྱི་སྙིང་སྟོབས་འཛིན་སྐྱོང་བྱེད་པའི་སྤྱི་ཕན་བྱ་འགུལ་ཞིག་ཀྱང་ཡིན།

དཔལ་སྐྱིད་གྲོང་རྡལ་ནི་མཚོ་འཕགས་སྨི་3500ལྷག་ཙམ་ཡོད་པའི་མཛོད་དགེ་རྩྭ་ཐང་དུ་ཆགས་པ་དང་། སྐད་གྲགས་ཆེ་བའི་དཔལ་སྐྱིད་གྲོས་ཚོགས་འཚོགས་ཡུལ་ཡིན་པས་གསར་བརྗེའི་རྨང་མཐུག་པོ་འདུག །གསར་བརྗེའི་གནས་མཆོག་དེར་བླ་མེད་ཀྱི་གུས་འདུད་བཅིངས་ནས་དཔལ་སྐྱིད་ལྟེ་གནས་སློབ་གྲྭ་རུ་ཞལ་འདེབས་མཛད་སྒོ་སྤེལ། ལམ་སྒྲོན་30དང་ཁྱིམ་སྤྱོད་ཉི་ནུས་གློག་སྒྲོན་40། “དབྱིན་ལང་གི་འོད་སྣང་”ཞེས་འཁྱེར་བདེ་བའི་ཉི་ནུས་གློག་སྒྲོན་40ཞལ་འདེབས་གནང་། དེ་དག་གིས་སློབ་གྲྭ་དང་སྡེ་པ་ཁག་གཅིག་གི་འགྲོ་ལམ་དུ་འོད་འདོན་ཐུབ། དེ་ནས་གློག་སྒྲོན་10དམར་དམག་གི་རྗེས་རབས་པ་དང་སྔོན་བྱོན་དཔའ་བོའི་ཁྱིམ་མི། དམག་ཁོངས་ནས་ཐོན་པའི་དམག་མི་རྣམས་ལ་སྦྱིན། གློག་སྒྲོན་སྒྲིག་སྦྱོར་གྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་གསར་བརྗེའི་དཔའ་བོ་དང་དེའི་ཁྱིམ་མིར་བླ་མེད་ཀྱི་གུས་འདུད་ཞུས།

ཉིན་དེའི་དགོང་མོར་ཉི་ནུས་ཚན་སྒྲོག་སློབ་ཚན་བཀོད་སྒྲིག་བྱས་པ་དང་། སློབ་ཁྲིད་དེ་རུ་རིག་གཞུང་སློབ་ཁྲིད་མ་ཡིན་པར་ཡོ་བྱད་ལ་བརྟེན་ནས་སློབ་མ་རྣམས་ལ་ཉི་ནུས་མཚོན་གློག་ལས་སྟངས་ཁྲིད། སློབ་གྲོགས་ཚོས་ལག་ལེན་ཁྲོད་ཉི་ནུས་གློག་གཏོང་དང་ནུས་རྒྱུ་གྲོན་ཆུང་སོགས་ཚན་རིག་ཤེས་བྱ་སློབ་ནས་ཚན་རིག་གསར་གཏོད་ཀྱི་ས་བོན་བཏབ།
བྱེད་སྒོ་དེ་རུ་གསར་བརྗེའི་རིག་གནས་འཛིན་སྐྱོང་དང་དམངས་འཚོར་རོགས་སྐྱོར། གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོ་ཟུང་འབྲེལ་བྱས་པ་དང་། སྤྱི་ཕན་ཚོགས་པས་རྒྱང་སྐྱོད་ཀྱི་རྗེས་ཤུལ་སྙེགས་ནས་ཏེ་དབྱང་དང་མཛོད་དགེའི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཟམ་དུ་གསར་བརྗེའི་གནས་ཤུལ་ལ་གཅེས་སེམས་དངོས་ཟོག་སྦྱིན་པར་མ་ཟད། མཐོ་སྒང་གི་གཞོན་ནུ་ལོ་ཆུང་རྣམས་ཀྱི་ཚན་རྩལ་གྱི་ཕུགས་འདུན་ལ་འོད་སྣང་སྦྱིན་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྩྭ་ཐང་ཆེན་མོར་གསོན་ཤུགས་རྒྱས་སུ་བཅུག
