དགུན་དུས་ཀྱི་མེ་འགོག་སྲུང་ཡོལ་བརྟན་པོར་བསྐྲུན་ནས་ནགས་ཚལ་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱས།

དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ཡག་པོ་བསྒྲུབས་ནས་མེ་སྐྱོན་དོན་རྐྱེན་འབྱུང་བར་སྔོན་འགོག་ནུས་ལྡན་བྱ་ཆེད། ཉེ་ཆར། མཛོད་དགེར་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་འབྲིང་བ་ཡུལ་ཚོའི་གཞུང་དབང་ནགས་ལས་སྲུང་སྐྱོབ་ས་ཚིགས་ཀྱིས་དགུན་དུས་ནགས་ཚལ་རྩྭ་ཐང་གི་མེ་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ། ཁྱིམ་ཚང་རེ་རེར་ཕྱིན་ནས་རྐྱེན་ངན་རིམ་བཤེར་དང་རྒྱུན་རྣམ་ཅན་གྱི་སྐོར་སྲུང་སོགས་མེ་འགོག་ཆེད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། དགུན་དུས་ཀྱི་མེ་འགོག་བདེ་འཇགས་དྲ་བ་དམ་ཚགས་བཟོས།
ཡོངས་ཁྱབ་དང་གནད་སྨིན་དྲིལ་བསྒྲགས་བྱས་ནས་དགུན་དུས་ཀྱི་མེ་འགོག་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་། དགུན་དུས་མཁའ་དབུགས་སྐམ་ལ་རླུང་ཆེ་བ། རྩྭ་དང་རྩི་ཤིང་སྐམ་པོ་ཡིན་པས་མེ་སྐྱོན་འབྱུང་ཉེན་ཆེ། ལས་དོན་མི་སྣས་ནགས་ཚལ་རྩྭ་ཐང་དང་ཕྱུགས་འཚོ་ཁུལ་གཙོ་བོ། རོང་འབྲོག་མང་ཚོགས་རྒྱུན་སྡོད་ས་གནས་སོགས་དྲིལ་བསྒྲགས་བྱེད་ཡུལ་ཆེན་པོ་གསུམ་དུ་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་པ་དང་། སྒྲོག་ཤོག་བཀྲམ་པ་སོགས་ཀྱི་ལམ་ནས་རྒྱ་ཆེའི་མང་ཚོགས་ལ་ནགས་ཚལ་རྩྭ་ཐང་གི་མེ་འགོག་ཁྲིམས་སྲོལ་གསལ་པོར་བསྒྲགས། དེ་མིན་མེ་ཉེན་བྱུང་ཚེ་འཕྲལ་མར་ཐག་གཅོད་ཐབས་དང་མེ་སྐྱོན་ཉེན་བརྡ་ཡར་ཞུའི་བརྒྱུད་རིམ་བཅས་གསལ་བཤད་བྱས་པར་མ་ཟད། རྫི་བོ་རྣམས་ཀྱིས་ཕྱུགས་འཚོ་གནས་སུ་མེ་སྒྲོན་ནས་ཇ་བསྐོལ་བ་སོགས་སྒྲིག་འགལ་བྱ་སྤྱོད་གཏན་འགོག་བྱེད་པའི་ཁྲིམས་སྲོལ་གསལ་བསྒྲགས་བྱས།

ཁྱིམ་ཚང་རེ་རེར་ཕྱིན་ནས་བདེ་འཇགས་ཀྱི་གནོད་རྐྱེན་སྣ་ཚོགས་གཙང་སེལ་བྱས་པ་སྟེ། མེ་འགོག་བདེ་འཇགས་ཀྱི་གནོད་རྐྱེན་གནད་སྨིན་གཙང་སེལ་བྱས་ནས་མེ་འགོག་བདེ་འཇགས་ཀྱི་རྐྱེན་ངན་རྦད་དེ་མེད་པར་གཏོང་ཆེད། ལས་དོན་མི་སྣས་མངའ་ཁུལ་གྱི་ཁྱིམ་ཚང་རེ་རེར་མེ་དང་གློག །སོལ་རླངས་བཅས་ཀྱི་བདེ་འཇགས་དང་ཁང་པའི་མདུན་རྒྱབ་ཀྱི་རྩྭ་དང་ཤིང་སྐམ་སྤངས་གསོག་བྱེད་པའི་གནས་ཚུལ་སོགས་མེ་སྐྱོན་འབྱུང་རྐྱེན་ལ་རིམ་བཤེར་བྱས། ལོ་ལོན་ཁེར་སྡོད་སོགས་མི་ཚོགས་གཙོ་བོར་ཡུལ་དངོས་ནས་བདེ་འཇགས་གནོད་རྐྱེན་གསལ་པོར་བསྟན་ནས་འཕྲལ་མར་བཅོས་སྒྲིག་བྱས།
མངའ་ཁོངས་ཡོངས་ལ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས་ནས་འཐབ་ཕྱོགས་དང་པོའི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན། དགུན་དུས་ཀྱི་མེ་འགོག་མཐའ་ཐིག་བརྟན་སྲུང་བྱས་ནས་མེ་འགོག་སྐོར་ཞིབ་རྒྱུན་རྣམ་ཅན་གྱི་ལམ་ལུགས་དོན་འཁྱོལ་བྱས། སྐོར་ཞིབ་པས་མངའ་ཁུལ་གྱི་ནགས་ཁུལ་གཙོ་བོ་དང་གཞུང་ལམ་འགྲམ་རྒྱུད་ཀྱི་ནགས་ཚལ་དང་རྩྭ་ཐང་སོགས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས། དེ་མིན་ཕྱི་རོལ་དུ་སྒྲིག་འགལ་གྱིས་མེ་སྤྱོད་པ་དང་མེ་ཁུངས་ནགས་ཚལ་རྩྭ་ཐང་དུ་འཁྱེར་བའི་ཉེན་ཁ་ཆེ་བའི་བྱ་སྤྱོད་ལ་དོ་བདག་བྱས། ནགས་ཚལ་རྩྭ་ཐང་གི་རྩྭ་རྩི་ཤིང་དང་གཙོ་གནད་ས་ཁོངས་ཀྱི་མེ་འགོག་བདེ་འཇགས་གནས་ཚུལ་ལ་ལྟ་སྐུལ་དོ་དམ་བྱས་ནས་མངའ་ཁུལ་གྱི་མེ་འགོག་གནས་ཚུལ་གནད་སྨིན་ཚོད་འཛིན་བྱས། གནོད་རྐྱེན་མཐོང་ཚེ་འཕྲལ་མར་ཐག་གཅོད་བྱས་ནས་མེ་འགོག་ཉེན་ཁ་ཇེ་ཆུང་དུ་བཏང་བ་སོགས་ནགས་ཚལ་རྩྭ་ཐང་གི་མེ་འགོག་སྲུང་ཐིག་ཐོག་མ་བརྟན་པོར་སྲུང་།
