བོད་ལྗོངས་ཀྱི་རུ་ཁག་འདིར་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།

ཟླ་10པའི་ཚེས་10ཉིན། 2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེ་མོའི་རྟིང་རྩོད་འགྲན་བསྡུར་དེ་ཉིང་ཞ་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དུ་མཇུག་འགྲིལ་བ་རེད། ནང་སོག་དང་། ཧྲན་ཏུང་། ཅང་ཤིས། ཀྲེ་ཅང་། བོད་ལྗོངས་སོགས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)10ནས་ཡོང་བའི་གཞི་རིམ་འཐུས་མི་རུ་ཁག་21གིས་གར་སྟེགས་ཐོག་གླུ་གཞས་འགྲན་བསྡུར་བྱས་པ་རེད། བོད་ལྗོངས་ཀྱི་འགྲན་ཞུགས་རུ་ཁག་འབའ་ཞིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཞིང་འབྲོག་པའི་འཐུས་མི་རུ་ཁག་གིས་འཁྲབ་སྟོན་བྱས་པའི་《དགའ་སྤྲོ་འཁོལ་བའི་འོང་སྐོར་》ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

《དགའ་སྤྲོ་འཁོལ་བའི་འོང་སྐོར་》ཞེས་པ་དེས་རྒྱ་ཚ་རྫོང་གི་ས་ཆ་དེ་རང་ལ་གཞི་ཚུགས་ནས་ལོ་ངོ་སྟོང་གི་འོང་སྐོར་དུས་ཆེན་གྱི་དམངས་སྲོལ་གྱི་སྙིང་བཅུད་བསྡུ་ལེན་བྱས་ཏེ། ལོ་ལེགས་རྨང་གཞིར་བྱས་པ་དང་། གྲོང་གསེབ་ཀྱི་འཕོ་འགྱུར་གླེང་ཡོད། གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་མེས་རྒྱལ་གྱི་ས་གཞི་ཆེན་པོར་བཅངས་པའི་བརྩེ་སེམས་ཟབ་མོ་དབྱངས་སུ་གྱེར་བཞིན། ས་མཐོའི་བུ་ཕྲུག་ཚོས་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བར་སྨོན་འདུན་ཞུས་ཡོད་ལ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ཞིང་འབྲོག་པ་རྣམས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་ཉམས་བཟང་ཡང་མངོན་ཡོད།

འགྲན་བསྡུར་ཆེ་མོའི་ཡུལ་དངོས་སུ། ལྷོ་ཁ་གྲོང་ཁྱེར་དང་རྒྱ་ཚ་རྫོང་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ད་དུང་དབྱར་རྩྭ་དགུན་འབུ་དང་། ཁྱད་ལྡན་ཤིང་འབྲས། སྟར་ཁ་སོགས་བོད་ལྗོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་གཅིག་སྡུད་ཐོག་འགྲེམ་སྤེལ་བྱས་ཏེ། གངས་ལྗོངས་ས་མཐོའི་ཁྱད་འཕགས་ཀྱི་མཛེས་ལྗོངས་དང་རིག་གནས་ཡུལ་སྐོར་གྱི་ཉམས་འགྱུར་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
