མཛོད་དགེ་རྫོང་གིས་བརླན་སའི་ཐཱན་གསོག་ཚད་ལ་བརྟག་དཔྱད་དང་ཐཱན་འདུས་མི་མངོན་པའི་སྟོབས་ཤུགས་དཔྱད་དཔོག་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས།

ཉེ་ཆར། མཛོད་དགེ་རྫོང་གིས་བརླན་སའི་ཐཱན་གསོག་ཚད་བརྟག་དཔྱད་དང་ཐཱན་འདུས་ཀྱི་མི་མངོན་པའི་སྟོབས་ཤུགས་དཔྱད་དཔོག་རྣམ་གྲངས་དངོས་སུ་སྤེལ་འགོ་བཙུགས་པ་རེད། རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ལས་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་ལས་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། མཛོད་དགེ་རྫོང་གི་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་“ཐཱན་གཉིས”ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། བརླན་སའི་ཐཱན་གསོག་ཚད་ཀྱི་གཞི་གྲངས་འཚོལ་ཞིབ་དང་། ཐཱན་འདུས་ཀྱི་ད་ལྟའི་གནས་ཚུལ་ཞིབ་བཤེར། ཐཱན་འདུས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་སོགས་ཀྱི་ལས་དོན་སྤེལ།
རྣམ་གྲངས་ལག་བསྟར་བྱས་རྗེས་རྫོང་ཡོངས་ཀྱི་བརླན་སའི་ཐཱན་འདུས་ཀྱི་རྨང་གཞིའི་གྲངས་གཞི་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་པ་དང་ས་ཁོངས་སོ་སོའི་བརླན་སའི་ཐཱན་གསོག་ནུས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གནད་ལ་འཁེལ་བའི་སྒོ་ནས་རྒྱུས་ལོན་བྱེད་ཐུབ། དེས་མཛོད་དགེ་རྫོང་གི་བརླན་སར་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། གནད་ལ་འཁེལ་བའི་ཉམས་གསོ། ཐཱན་འདུས་རྣམ་གྲངས་གསར་སྤེལ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བཅས་ལ་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ནས། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་བབ་ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་ལ་སྐུལ་ཐུབ།
