ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་གི་གྲོས་ཚོགས་འཚོགས།
ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་(རྒྱ་སྐྱེད)ཚོགས་འདུ་གཙོ་སྐྱོང་གནང་ནས། མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་ཤུགས་སྣོན་བརྒྱབ་སྟེ།དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་དང་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་བ་10པའི་ཚེས་9ཉིན། ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་གི་རྒྱ་སྐྱེད་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་དང་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་ལྟེ་བའི་ཚོ་ཆུང་གི་ཁོངས་མིས་རང་སྦྱོང་བྱས་པ་དང་ཚོགས་འདུའི་ཐོག་དགེ་རྒན་ཆེ་མོ་ཧྲི་ཧྲུའོ་ཡིས་ཆེད་དོན་འཆད་ཁྲིད་གནང་བ་དང་ཚོགས་ཞུགས་མི་རྣམས་དང་སྤེལ་རེས་གྲོས་རོལ་བྱས། ངེས་པར་དུ་བྱེད་དགོས་པ་བཅུ་གཉིས་དང་ངེས་པར་དུ་བྱེད་དགོས་པ་དགུ་ནི་མི་རིགས་ཆོས་ལུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་བརྩི་སྲུང་ཡིན་ལ། སི་ཁྲོན་ནི་མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་དང་ཆོས་ལུགས་ལས་དོན་གྱི་གཙོ་གནད་ཞིང་ཆེན་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་ལ་དམ་པོར་དམིགས་ཏེ། མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཅེས་བསྟན།
ཚོགས་འདུའི་ཐོག་འབྲེལ་ཡོད་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་དཔུང་ཁག་སྟོབས་ལྡན་གཏོང་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
