༢༠༢༦ལོའི་ནོ་པེར་རྩོམ་རིག་བྱ་དགའ་སྙན་ངག་པ་ཨན་ཉི·ཁ་སེན་ལ་ཐོབ།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡༠ ཚེས་ ༡༠

སུའེ་ཏེན་གྱི་སི་ཐོག་ཁོར་མོའི་ས་གནས་དེ་གའི་དུས་ཚོད༢༠༢༦ལོའི་ཟླ༡༠ཚེས༨ཉིན་གྱི་ཆུ་ཚོད༡༣:༠༠(པེ་ཅིང་གི་ཆུ་ཚོད༡༩:༠༠)སྟེང་། སུའེ་ཏེན་སློབ་གླིང་གིས༢༠༢༦ལོའི་ནོ་པེར་རྩོམ་རིག་བྱ་དགའ་དེ་ཁ་ན་ཏའི་སྙན་ངག་པ་ཨན་ཉི·ཁ་སེན་ལ་སྤྲད་། མོས་སྤོབས་པ་དང་གསར་གཏོད་ཀྱི་ཉམས་ཀྱིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས། གནའ་བོའི་སྲོལ་རྒྱུན་དང་རྩེད་མཚར་གྱི་གླེང་མོལ་བྱས་ཏེ། དེང་རབས་རྩོམ་རིག་ལ་རྣམ་པ་གསར་པ་ཞིག་གཏོད་ཡོད་ཅེས་གདེང་འཇོག་དང་གཟེངས་བསྟོད་བྱས།