དཀར་མཛེས་ཁུལ་གྱི་སློབ་མ་2་ལ་སྦྱངས་འབྲས་ཕུལ་བྱུང་གི་མ་དངུལ་ཐོབ།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༦

ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་གོ་ཕན་བདེ་ཚོགས་པ། ཀྲུང་གོ་སུང་ཆིན་ལིན་ཐེབས་རྩ་ཚོགས་པ་གསུམ་གྱིས་སློབ་མ་1542ལ་སྐབས་བཅུ་བདུན་པའི་སུང་ཆིན་ལིན་སྦྱངས་འབྲས་ཕུལ་བྱུང་ཅན་ལ་བྱ་དགའི་མ་དངུལ་སྤྲད། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་ལྔ་ལ་སྐབས་བཅུ་བདུན་པའི་སུང་ཆིན་ལིན་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ་ལས་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་སྤྲོད་རྒྱུ་གཏན་ཁེལ་བྱས། དགའ་འོས་པ་ཞིག་ལ། དཀར་མཛེས་ཁུལ་གྱི་སློབ་མ་གཉིས་ལ་སྐབས་བཅུ་བདུན་པའི་སུང་ཆིན་ལིན་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའི་མ་དངུལ་ཐོབ།

ག་འདྲ་ཞིག་ལ་སུང་ཆིན་ལིན་སྦྱངས་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའི་མ་དངུལ་ཟེར།

སུང་ཆིན་ལིན་སྦྱངས་འབྲས་ཕུལ་བྱུང་བྱ་དགའི་མ་དངུལ་ནི་འགན་བབས་སློབ་གསོ་སྐབས་ཀྱི་ཆུང་འབྲིང་སློབ་མར་དམིགས་པའི་རྒྱལ་ཁབ་རིམ་པའི་སྦྱངས་འབྲས་ཕུལ་བྱུང་ཅན་ལ་སྦྱིན་པའི་བྱ་དགའ་ཞིག་ཡིན་ལ། གཙོ་བོ་སུང་ཆིན་ལིན་གྱི་རྒྱལ་གཅེས་སྙིང་སྟོབས་ཁྱབ་སྤེལ་དང་། ཕུལ་དུ་བྱུང་བའི་ན་གཞོན་དམིགས་དཔེར་འཛིན་པའི་ཆེད་དུ་ཡིན། བྱ་དགའ་འདི་ལོ་གཉིས་ཀྱི་ནང་ཐེངས་རེར་སྤྲོད་ཀྱིན་འདུག