ཀང་ཨའོ་ཡི་གཞོན་ནུ་མཛོད་དགེ་རུ་འབྱོར་ནས་ཞིབ་སློབ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ །བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༡༤

དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་ཆེད། ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུའི་རྒྱལ་སྟོབས་སློབ་གསོ་ལེགས་སྤེལ་དང་། ཁོ་ཚོར་གསར་བརྗེའི་སྙིང་སྟོབས་དར་སྤེལ། རྨ་ཆུའི་རིག་གནས་དང་མཐོ་སྒང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་ལེན་བྱེད་བཞིན། རྒྱལ་གཅེས་བརྩེ་ཞེན་དང་མི་རིགས་གྱི་འདུ་ཤེས་ལེགས་པོ་བསྐྱེད། ཉེ་ཆར་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དྲུང་ཡིག་ཁྲུའུ་དང་སི་ཁྲོན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་རྔ་བ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི“རྨ་ཀླུང་རིང་མོ་དལ་གྱིས་རྒྱུ། གཞོན་ནུའི་ཕུགས་མདུན་དོན་དུ་གཉེར། ཀྲུང་ཧྲུའི་བརྩེ་ཞེན་ཟབ་ཏུ་གླེང་”ཞེས་པའི་ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུའི་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་མཛོད་དགེ་རྫོང་དུ་སྤེལ།

ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེ་དུས་ཡུན་ཉིན་གསུམ་ལ་སྤེལ་བ་དང་། གསར་བརྗེའི་རྒྱུན་འཛིན་དང་རྨ་ཆུའི་རིག་གནས། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་བཅས་བརྗོད་དོན་གཙོ་བོ་ཆེན་པོ་བཞིར་དམིགས་ནས་སི་ཁྲོན་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་གཞོན་ནུ་རྣམས་རྨ་ཆུའི་སྟོད་རྒྱུད་ཀྱི་མཐོ་སྒང་ས་ཆར་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་དང་སློབ་ཁྲིད། འབྲེལ་འདྲིས་གྲོས་མོལ། ལས་རྣམ་ཉམས་ལེན་སོགས་ཀྱི་ལམ་ནས་མཐོ་སྒང་བོད་ཁུལ་གྱི་གསར་བརྗེའི་སྙིང་སྟོབས་དང་སྤུས་ལེགས་སྐྱེ་ཁམས་ཐོན་ཁུངས། གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྣམ་ལ་ལྟ་སྦྱོང་བྱ་རྒྱུ་རེད།

བྱེད་སྒོ་དེ་དར་ཆ་སྤྲད་ནས་དངོས་སུ་སྤེལ་འགོ་བརྩམས་པ་དང་། ཡུལ་དངོས་ནས“ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུའི་མཐུན་འབྲེལ”བཙུགས། མཐོ་སྒང་གི་ས་ཆུ་དང་བསྟུན་ནས་ངལ་གསོ་དང་བདེ་འཇགས་སྒྲིག་ལམ་བཀོད་སྒྲིག་བྱས། དེ་མིན་ཞིབ་སློབ་ཀྱི་སྒྲིག་སྲོལ་དང་སྐྱེ་ཁམས་ཁོར་སྲུང་ཆེད་དོན་སློབ་གསོ་སྤེལ་ནས་ཞིབ་སློབ་བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། ཞིབ་སློབ་ཚོགས་པས་རྨ་ཁུགས་དང་པོ་དང་དཔལ་སྐྱིད་གྲོས་ཚོགས་ཀྱི་གནས་རྙིང་དུ་གསར་བརྗེའི་ཏང་གི་སློབ་ཁྲིད་ལ་ཉན་ནས་དམར་དམག་རྩྭ་ཐང་དུ་འགྲིམ་པའི་གཟི་བྱིན་འབར་བའི་ལོ་ཟླ་ཕྱིར་དྲན་བྱས། དེ་མིན་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་མཐོ་སྒང་གི་བརླན་ས་སྲུང་སྐྱོབ། “ཀྲུང་ཧྭ་ཆུ་མཛོད”འཛུགས་སྐྲུན་སོགས་ཀྱི་ཕན་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། རྨ་ཆུའི་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་དང་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཉམས་ལེན་བྱས།

ཐང་སྐོར་གྲོང་རྡལ་སྐ་ཆུ་སྡེ་ཁུལ་དུ་ཡུལ་དངོས་རྟོག་ཞིབ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་ཁྱད་ལྡན་དམངས་སྲོལ་ཐོན་ལས། ལག་ཤེས་བཟོ་རྩལ་ཐོན་རྫས། བོད་ཀྱི་སྨན་ལུམ་ཁམས་གསོའི་ལས་རྣམ་ལ་ལྟ་སྦྱོང་བྱས། སྡེ་ཁུལ་གྱི“ཀྲི་པུའུ་ཡིས་སྣེ་ཁྲིད་དང་། མང་ཚོགས་མ་རྐང་དུ་ཞུགས། མཉམ་ལས་གཉེར་སྐྱོང་། མ་རྐང་ནང་ཞུགས་པ། མཉམ་ལས་ཁང་གཉེར་སྐྱོང་”གི་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་ས་གནས་ཀྱི་གཞོན་ནུ་རྣམས་འཇོན་ནུས་སྐྱེད་སྲིང་དང་ལས་གཏོད། གཞི་རིམ་གྱི་འགན་འཁྲིའི་སྐོར་ནས་གླེང་མོལ་བྱས།

བྱེད་སྒོ་སྤེལ་རིང་གཞོན་ནུ་འཐུས་མིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་རྨ་ཆུའི་རིག་གནས་དར་སྤེལ། དུས་རབས་གསར་པའི་གཞོན་ནུའི་འགན་འཁྲི་བཅས་ལ་དམིགས་ནས་བསམ་བློ་བརྗེ་རེས་བྱས། མཛོད་དགེའི་དམའ་འཕུར་ལྟེ་གནས་སུ་ཕྱིན་ནས་མཐོ་སྒང་རིག་ལྗོངས་ཀྱི་ལས་རྣམ་གསར་པའི་འཕེལ་ཕྱོགས་དང་། མི་རིགས་ས་ཁུལ་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་གི་ཕན་འབྲས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རྒྱུས་ལོན་བྱས། ཕྱིར་ལོག་པའི་ལམ་བར་དུ་སློབ་མ་ཡོངས“འབར་ཞུན་རྐང་བདུན”གསར་བརྗེའི་སློབ་གསོའི་ས་ཚིགས་སུ་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བསྐྱར་དྲན་བྱས་ནས། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས།

ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོ་དེ་རུ་ཡུལ་ལྗོངས་དངོས་ལ་བརྟེན་ནས་མི་གཞི་གསོ་སྐྱོང་དང་། རིག་གནས་ལ་བརྟེན་ནས་ནང་སེམས་གསོས། ཀང་ཨའོ་གཞོན་ནུ་མཐོ་སྒང་བོད་འབྲེལ་ས་ཁུལ་དུ་བསྐྱོད་དེ་རྒྱལ་སྟོབས་འཕེལ་རྒྱས་རྒྱུས་ལོན་དང་མི་རིགས་འབྲེལ་འདྲིས་ཀྱི་ལས་སྟེགས་བསྐྲུན། ཀང་ཨའོ་གཞོན་ནུ་རྣམས་ལ་མེས་རྒྱལ་གྱི་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ངོས་འཛིན་ལེགས་པོ་བསྐྱེད། རྗེས་ཕྱོགས་སུ་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཞང་ཀང་དང་ཨའོ་མོན་དང་ཐའེ་ཝེན་གཞོན་ནུའི་འགྲོ་འོང་མཉམ་འདྲེས་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ལག་ལེན་ཞིབ་འཇུག་སློབ་སྦྱོང་དང་རིག་གནས་འབྲེལ་འདྲིས། བྱས་རྗེས་འཇོག་པའི་ལས་སྟེགས་མུ་མཐུད་དུ་བསྐྲུན་ཏེ། རྒྱ་ཆེའི་ཞང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོས་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་ཞེན་ཇེ་ཟབ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱས་ཏེ། ལང་ཚོའི་སྟོབས་ཀྱིས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བཞིན་ཀྲུང་གོའི་ཕུགས་འདུན་སྐོང་བའི་ལེའུ་གསར་པ་རྩོམ་རྒྱུ་རེད།