ཞི་ཅིན་ཕིང་གི་གསུང་རྩོམ་དེབ་འདི་དཔར་འགྲེམས་བྱས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། གཡུ་སྒྲོན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༨

ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་བསླབ་གཞིའི་ནང་འཇུག་པ་དང་སློབ་ཁྲིད་བྱེད་པ། ཡིད་ལ་འཛིན་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འབྱུང་ཁམས་ཁོར་ཡུག་པུས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭའི་གཙོ་གནད་བསླབ་གཞི《ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་མདོར་བསྟན་པ》ཞེས་པའི་དེབ་དེ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ལ་གཞི་ཚུགས་ཏེ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཁྲོད་བཟུང་བའི་གནས་བབ་གལ་ཆེན་དང་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། འབྱུང་ཁམས་ཤེས་དཔལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གསར་གཏོད་རང་བཞིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཞིང་། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྣེ་ཁྲིད་བྱས་པས། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་གྲུབ་ཡོད།

《མདོར་བསྟན》དེ་གླེང་གཞི་དང་གཞུང་དངོས་ཀྱི་ལེའུ་9ལས་གྲུབ་པ་དང་། ཁྱོན་ཡིག་འབྲུ་ཁྲི་17ཙམ་ཡོད་ཅིང་། དེའི་ནང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པའི་གལ་ཆེའི་དོན་སྙིང་དང་། ཚན་རིག་དང་མཐུན་པའི་མ་ལག བསམ་བློའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་སོགས་ལ་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཚོལ་ཞིབ་ལྷོད་མེད་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་དང་ལག་ལེན་གྱི་སྙིང་བཅུད་ཡིན་པ། དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་བརྩི་སྲུང་ཞུ་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་བཅས་གསལ་འགྲེལ་གང་ལེགས་བྱས་ཡོད། 《མདོར་བསྟན》དེ་མ་རྩོམ་དང་མ་ཡིག་ལ་ཇི་མ་ཇི་བཞིན་བསྟུན་ཡོད་ཅིང་། མ་ལག་ཅན་དང་རིགས་ལམ་ཅན་འབུར་དུ་ཐོན་པ་དང་། ལག་ལེན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། སློབ་ཁྲིད་ཀྱི་དོན་དངོས་དང་འཚམ་པ་བཅས་ཡིན་པས། མཐོ་སློབ་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་མས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པའི་གཙོ་གནད་བསླབ་གཞི་ཞིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པའི་ཀློག་དེབ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།