ཟུང་ཆུ་རྫོང་གིས“སློབ་འགོ་ཚུགས་པའི་ཚོགས་ཐུན་དང་པོ”ཞེས་པའི་ཁྲིམས་ལུགས་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༨

སྟོན་དུས་ཀྱི་སློབ་འགོ་ཚུགས་པའི་བར་གླགས་དང་བསྟུན་ཏེ། ཉེ་ཆར། ཟུང་ཆུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“སྐལ་བཟང་མེ་ཏོག །ཀྲུའོ་ལན་ཆར་གྱི་ཟེགས་མ”ཞེས་པའི་ན་མ་སྨིན་པ་སྲུང་སྐྱོང་གི་ཞིབ་དཔྱོད་རུ་ཁག་ལ་བརྟེན་ནས“སློབ་འགོ་ཚུགས་པའི་ཚོགས་ཐུན་དང་པོ”ཞེས་པའི་ཁྲིམས་ལུགས་ཁྱབ་སྤེལ་གྱི་མུ་འབྲེལ་བྱེད་སྒོ་སྤེལ་ཅིང་། ན་མ་སྨིན་པ་དག་གི་ཁྲིམས་སྐྱོང་གི་སློབ་གསོ་དང་ཉེས་བཟོ་སྔོན་འགོག་གི་བྱ་བར་ཤུགས་བསྣན།

ཟུང་ཆུ་རྫོང་གི་མཁར་ཞོལ་སློབ་ཆུང་དུ། ན་མ་སྨིན་པ་སྲུང་སྐྱོང་གི་ཞིབ་དཔྱོད་རུ་ཁག་གིས“ལང་ཚོ་ཁྲིམས་ཀྱི་དམར་ཐིག་ལ་བརྫི་མི་འཇུག”ཅེས་པའི་ཁྲིམས་སྐྱོང་གི་ཚོགས་ཐུན་འཚོགས་པ་དང་། དཔེར་མཚོན་རང་བཞིན་ལྡན་པའི་མཚོན་དཔེ་བཀོད་ནས་སློབ་རའི་གདུག་སྤྱོད་སྔོན་འགོག་དང་དྲ་བའི་བདེ་འཇགས་ཀྱི་ཉེན་ཁ། ཚུལ་དང་མི་མཐུན་པའི་སྤྱོད་པའི་ཉེན་ཁ། ཉེས་དོན་འགན་འཁྲིའི་ལོ་ཚད་སོགས་ཀྱི་ནང་དོན་འགྲེལ་བཤད་བྱས་ཏེ། སློབ་མ་དག་ལ་ཁྲིམས་ལུགས་ཀྱི་དམར་ཐིག་ངེས་པར་བྱ་བ་དང་རང་ཉིད་རང་སྲུང་གི་ནུས་པ་ཇེ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས།

ཟུང་ཆུ་རྫོང་སྨད་པ་ཡུལ་ཚོའི་ལྟེ་གནས་སློབ་གྲྭ་རུ། ན་མ་སྨིན་པ་སྲུང་སྐྱོང་གི་ཞིབ་དཔྱོད་རུ་ཁག་གིས་རྒྱལ་དར་འོག་གི་ཁྲིམས་སྐྱོང་གི་དམ་བཅའ་འཇོག་པ་དང་ཁྲིམས་ལུགས་ཁྱབ་སྤེལ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ། སློབ་མ་ཐུན་མོང་གིས་ཁྲིམས་བཀུར་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་བཀོལ་བ་བཅས་ཀྱི་དམ་བཅའ་བཞག །ཞིབ་དཔྱོད་མི་སྣས་ཡུལ་དངོས་ནས་ཁྲིམས་ལུགས་ཁྱབ་སྤེལ་གྱི་ཡིག་ཆ་བགོས་ཏེ། 《ན་མ་སྨིན་པ་སྲུང་སྐྱོང་གི་ཁྲིམས》དང་《ན་སྨིན་པས་ཉེ་བཟོ་སྔོན་འགོག་གི་ཁྲིམས》ཀྱི་འབྲེལ་ཡོད་ཚན་པ་ཀློག་འགྲེལ་བྱས།

“སྐལ་བཟང་མེ་ཏོག”གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་རུ། ན་མ་སྨིན་པ་སྲུང་སྐྱོང་གི་ཞིབ་དཔྱོད་རུ་ཁག་གིས་གཞོན་ནུ་ལོ་ཆུང་རྩ་འཛུགས་བགྱིས་ནས་ནང་དུ་ཞུགས་པ་ལྟ་བུའི་ཁྲིམས་སྐྱོང་གི་ཉམས་ཞིབ་སློབ་སྦྱོང་སྤེལ། འགྲེམས་ཁུལ་དུ་བལྟ་བ་དང་མཚོན་དཔེ་སྟོན་པ། ལྗོངས་རྣམ་སློབ་གསོ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ཏེ། སློབ་མ་དག་ལ་ཐད་ཀར་མཐོང་དུ་ཡོད་པའི་དཔེར་མཚོན་གྱིས་ཚུལ་མིན་སྤྱོད་པ་ནས་ཁྲིམས་འགལ་ཉེས་བཟོ་ཡི་ལམ་དུ་ཞུགས་པའི་གོ་རིམ་ངོས་ཟིན་པར་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་།

གོམ་སྟབས་རྗེས་མར། ཟུང་ཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་དུ་ཁྲིམས་ལུགས་ཁྱབ་བསྒྲགས་ཀྱི་ཐབས་ལམ་དང་རྣམ་པ་ཕུན་སུམ་ཇེ་ཚོགས་གཏོང་བ་དང་རྒྱུན་རྣམ་ཅན་དུ་ཁྲིམས་སྐྱོང་གི་སློབ་གསོ་སློབ་རར་སྤེལ་བ་དང་རྟེན་གཞིར་སྤེལ་ནས་ན་སྨིན་པ་སྲུང་སྐྱོང་དང་ཉེས་བཟོ་སྔོན་འགོག་གི་བྱ་བ་བསྒྲུབས་ཏེ། གཞོན་ནུ་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱེད་རྒྱུ་རེད།