གྲངས་གཞི་འདི་དག་ལས་རང་རྒྱལ་གྱི་ཚད་བརྒལ་གསར་པ་མངོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། ཚེ་ཕུན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༩ ཚེས་ ༧

ལོ་འདི་ཤར་ཚུན། རང་རྒྱལ་གྱི་སྒུལ་ཤུགས་གློག་རྫས་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད། 2026ལོའི་ཟླ་དང་པོ་ནས་བདུན་པ་བར། རང་རྒྱལ་གྱི་སྒུལ་ཤུགས་གློག་རྫས་རིམ་རྩིས་བྱས་ན་ཕྱིར་ཚོང་བྱེད་ཚད་ཅེ་ཝ་ཆུ་ཚོད་790.4ཟིན་པ་དེ་དུས་མཚུངས་ལས་37.1%འཕར་ཡོད། གོ་ལ་ཧྲིལ་པོའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་མདུན་གྱི་ཨང་བཅུའི་གློག་རྫས་ཁེ་ལས་ཁྲོད་ཀྲུང་གོའི་ཁེ་ལས་ཀྱིས་ཨང་རིམ་དྲུག་བཟུང་བ་དང་། བསྡོམས་རྩིས་བརྒྱབ་ན་ཁྲོམ་རའི་ཐོབ་སྐལ་70%ལས་བརྒལ་ཡོད་པ་རེད།

རང་རྒྱལ་གྱི་སྒུལ་ཤུགས་གློག་རྫས་ཐོན་ལས་དེ་བདེ་འཇགས་དང་ཞིབ་དཔྱད་ཚད་ལེན། ལག་རྩལ་གསར་པ་སོགས་སུ་ཚད་བརྒལ་གསར་པ་མང་པོ་བྱུང་ནས་ཁོབ་མེད་གློག་རྫས་དང་ནཱ་གྱེས་རྡུལ་གློག་རྫས་སྔ་རྗེས་སུ་ཐོན་ལས་ཅན་དུ་གྱུར་ཡོད། སྒུལ་ཤུགས་གློག་རྫས་དེ་ནུས་རྒྱུ་གསར་པའི་རླངས་འཁོར་ཁོ་ནར་སྤྱོད་པ་ནས་ཁྱབ་ཁོངས་མང་པོར་ཕྱོགས་ཡོངས་ནས་སྤྱོད་པའི་བར་འཕེལ་རྒྱས་བྱུང་ནས་ནུས་གསོག་འཕེལ་ཕྱོགས་དེ་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གསར་པར་གྱུར་ཡོད། གཞན་ཡང་། སྒུལ་ཤུགས་གློག་རྫས་དེ་རླངས་འཁོར་གྱི་ལྟེ་བའི་ལྷུ་ལག་ནས་ནུས་རྒྱུ་གསར་པའི་ཀུན་གྱིས་སྤྱོད་པའི་རྨང་གཞིར་འགྱུར་བའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད་པས་གང་དེ་ལྗང་མདོག་ཐཱན་ཉུང་བརྗེ་སྒྱུར་ལ་སྐུལ་འདེད་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པའི་འདེགས་སྐྱོར་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།