ཟུང་ཆུ་རྫོང་གཙོ་ཚང་རྒུ་གྲོང་རྡལ་གྱིས་ཐབས་ཤེས་སྣ་མང་ལ་བརྟེན་ནས་མང་ཚོགས་དག་གིས་གོམས་སྲོལ་བཟང་པོ་འཛུགས་པར་བསྐུལ།

ད་ལོར་ནས་བཟུང་། ཟུང་ཆུ་རྫོང་གཙོ་ཚང་རྒུ་གྲོང་རྡལ་གྱིས་གོམས་སྲོལ་ངན་པ་བསྒྱུར་པའི་ལས་ཀ་དེ་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་བསྐྲུན་པའི་བསྒྲུབ་བྱ་གཙོ་བོ་ཞིག་ཏུ་བཟུང་། ལས་ཀ་དེ་གྲོང་ཚོ་22(སྡེ་ཁུལ)ལ་ཁྱབ་པར་བྱས་ཤིང་། ཁྱིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་དང་དུས་སྟོན་བྱེད་སྒོ་སོགས་ཀྱི་སྐབས་དང་བསྟུན་པ། སྐུད་ཐོག་ནས་འབྲེལ་ཡོད་ཤེས་བྱ་ཁྱབ་སྤེལ་བྱེད་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ཏེ། “བཟང་བཞི”རོང་འབྲོག་པའི་ཁྱིམ་ཚང་གི་བྱས་རྗེས་སྒྲོག་པ་དང་སྦྲགས་ནས་རང་གི་ཉེ་གམ་གྱི་དཔེ་བཟང་ལ་མིག་ལྟོས་བགྱིས་ནས་མང་ཚོགས་རྣམས་ལ་གོམས་སྲོལ་ངན་པ་བསྒྱུར་ནས་དཔལ་ཡོན་ལྡན་པའི་གོམས་སྲོལ་བཟང་པོ་འཛུགས་པར་ཁྲིད་སྟོན་བྱས།

གཙོ་ཚང་རྒུ་གྲོང་རྡལ་གྱིས་དུས་རབས་གསར་པའི་དཔལ་ཡོན་ལག་བསྟར་ས་ཚིགས་དང་“དྲྭ་ཐོག་ཞིབ་གཉེར”གྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་ལ་བརྟེན་ཏེ། གྲོང་རྡལ་དང་གྲོང་ཚོ་མཉམ་འགུལ་གྱི་སྒྲོག་འགྲེལ་མ་ལག་བསྐྲུན། གྲོང་ཚོ་འགན་ལེན་འགོ་ཁྲིད་དང་གྲོང་ཚོ་འགན་ལེན་ལས་བྱེད་པ། གྲོང་ཚོ(སྡེ་ཁུལ)གྱི་ཧྲུའུ་ཅི་ཡིས་ཏང་ཡོན་རྣམས་ལ་ཁ་ཕྱོགས་ནས་ཆེད་དོན་སྒྲོག་འགྲེལ་སྤེལ་བ་དང་ཏང་ཡོན་གྱིས་གདོང་ལེན་པ་དང་དཔེ་སྟོན་གྱི་ནུས་པ་འདོན་པར་བསྐུལ། གྲོང་ཚོ་22(སྡེ་ཁུལ)ཀྱིས་གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་འཐུས་མི། དྲྭ་ཐོག་ཞིབ་གཉེར་པ་བཅས་ཀྱིས་གྲུབ་པའི་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ཏེ། ཞིང་ཁ་དང་འབྲོག་ས། གྲོང་པ་དག་གི་སྒོ་དྲུང་དུ་སོང་ནས་གོ་བདེ་བའི་ཡུལ་སྐད་ཀྱིས་གོམས་སྲོལ་ངན་པ་བསྒྱུར་པའི་སྲིད་ཇུས་ཀྱི་ནང་དོན་འགྲེལ་བཤད་བྱེད་པ་དང་“བཟང་བཞི”རོང་འབྲོག་པའི་ཁྱིམ་ཚང་གི་བྱས་རྗེས་དང་སྦྲགས་ཏེ། སློབ་གསོ་གལ་ཆེན་དུ་འཛིན་པ་དང་སྒྲིག་བརྩི་ཁྲིམས་སྲུང་བྱེད་པ། ལས་ལ་བརྩོན་ཞིང་འབྱོར་ཕྱུག་ལྡན་པར་བྱེད་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་གཏམ་རྒྱུད་བཤད། གཙོ་ཚང་རྒུ་གྲོང་རྡལ་གྱིས་ད་དུང་“ལག་པ་དང་ལག་པ་སྦྲེལ་བའི”མང་ཚོགས་ཀྱི་སྐོར་བྲོ་སྒྲོག་འགྲེལ་རུ་ཁག་ལ་བརྟེན་ནས་གོམས་སྲོལ་ངན་པ་བསྒྱུར་པའི་དྲིལ་སྒྲོག་དེ་སྐོར་བྲོ་དང་གླུ་གར་གྱི་ནང་དུ་འདུས་པར་བྱས་ཏེ། དྲིལ་སྒྲོག་གི་འགུགས་ཤུགས་ཇེ་ཆེར་བཏང་།

གཙོ་ཚང་རྒུ་གྲོང་རྡལ་གྱི་དཔྱིད་གསར་དུས་སྟོན་དང་དྭངས་གསལ་དུས་ཆེན་སོགས་སུ། གོམས་སྲོལ་ངན་པ་བསྒྱུར་པའི་དྲིལ་སྒྲོག་དེ“ང་ཚོའི་དུས་སྟོན”གྱི་བརྗོད་གཙོའི་བྱེད་སྒོར་མཉམ་འདྲེས་ཡོང་བར་བྱས། དཔྱིད་གསར་གྱི་སྐབས་སུ། “ང་ནི་ཟུང་ཆུ་པ་ཡིན། ངས་ཟུང་ཆུ་ལ་གཟི་བརྗིད་བསྐྲུན་དགོས”ཞེས་པའི་2026ལོའི་གནམ་ལོ་གསར་པའི་རིག་རྩལ་འཁྲབ་སྟོན་ལ་བརྟེན་ཏེ། གྲོང་ཚོ(སྡེ་ཁུལ)ཁག་རྩ་འཛུགས་བགྱིས་ནས་གོམས་སྲོལ་ངན་པ་བསྒྱུར་པའི་བརྗོད་དོན་དེ་གླུ་ལེན་དང་འཁྲབ་སྟོན། སྙན་ངག་གྱེར་འདོན་སོགས་ཀྱི་ལེའུ་ཚན་དུ་མཉམ་འདྲེས་ཡོང་བར་བྱས། དྭངས་གསལ་དུས་ཆེན་གྱི་སྐབས་སུ། གྲོང་ཚོར་ཡོད་པའི་དྲིལ་སྒྲོག་ཡིག་པང་དང་གྲོང་ཚོ་རིམ་པའི་འཕྲིན་ཕྲན་ཚོགས་པ། ཁྱིམ་དུ་བསྐྱོད་ནས་གྲོས་ཡིག་འགྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ཏེ། མེ་ཏོག་འབུལ་བ་དང་སྡོང་པོ་བཙུགས་ནས་དྲན་གསོ་ཞུ་བ་སོགས་ཐན་ཉུང་མཚུན་མཆོད་ཀྱི་ཆོ་ག་བྱེད་པར་བསྐུལ་ནས་མང་ཚོགས་རྣམས་ཀྱིས་ཤོག་བུའི་མཆོད་དངུལ་བསྲེག་པ་དང་ཤོག་སྦག་བཀད་པ་སོགས་ཀྱི་གོམས་སྲོལ་ངན་པ་བསྒྱུར་ནས་འདོར་བར་ཁྲིད་སྟོན་བྱས།

གཙོ་ཚང་རྒུ་གྲོང་རྡལ་གྱིས་སྨྱན་སྦྱོར་གསར་པའི་ཁྱབ་སྒྲོག་གི་ལེགས་བབ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་རྡལ་དང་གྲོང་ཚོ་ཡི་ལས་དོན་འཕྲིན་ཕྲན་ཚོགས་པ་དང་གྲོང་ཚོ(སྡེ་ཁུལ)གྱི་དྲྭ་ཐོག་ཞིབ་གཉེར་སྤེལ་རེས་ཚོགས་པ་སོགས་སྐུད་ཐོག་གི་ཐབས་ལམ་ལ་བརྟེན་ནས་རྒྱུན་རྣམ་ཅན་དུ་གོམས་སྲོལ་ངན་པ་བསྒྱུར་པའི་སྲིད་ཇུས་ཀྱི་ཤེས་བྱ་དང་དཔལ་ཡོན་ལྡན་པའི་འཚོ་བའི་གྲོས་ཡིག དེ་མིན་སྔོན་ཐོན་དཔེ་མཚོན་རང་བཞིན་ལྡན་པའི་བྱས་རྗེས་སོགས་བསྐུར་ཅིང་ཚོགས་པ་དེ་དག་ཏུ་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཡོངས་འདུས་ཡོད། དེ་དང་ཆབས་ཅིག་ཏུ། གྲོང་རྡལ་གྱི་གཞུང་གཉེར་འཕྲིན་ཕྲན་སྤྱི་སྟེགས་སུ་གོམས་སྲོལ་ངན་པ་བསྒྱུར་པའི་རྩོམ་ཡིག་དང་“བཟང་བཞི”རོང་འབྲོག་པའི་ཁྱིམ་ཚང་གི་བྱས་རྗེས་སོགས་ནང་དོན་བཅུ་ཕྲག་ལྷག་སྤེལ་ཏེ། དྲིལ་སྒྲོག་གི་ཁྱབ་ཚད་ཇེ་ཆེར་བཏང་།གོམ་སྟངས་རྗེས་མར། གཙོ་ཚང་རྒུ་གྲོང་རྡལ་གྱིས་མུ་མཐུད་དུ་གོམས་སྲོལ་ངན་པ་བསྒྱུར་པའི་ལས་དོན་དང་བསམ་པའི་དཔལ་ཡོན་བསྐྲུན་པའི་ལས་དོན་གཉིས་གོང་དུ་སྤེལ་ཏེ། མང་ཚོགས་ཀྱི་དགོས་མཁོ་དང་ཁད་ཐག་ཉེ་བའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ཏེ། གྲོང་གསེབ་དར་རྒྱས་ཀྱི་ཆེད་དུ་བསམ་པའི་དཔལ་ཡོན་གྱི་རམ་འདེགས་མཁོ་སྤྲོད་བྱ་ངེས་སོ། །
