མཛོད་དགེ་རྫོང་ཆོས་ལུགས་ལས་རིགས་ཀྱིས《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ཆོས་ལུགས་ཁྱབ་ཁོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་སློབ་གསོ་ཟབ་སྤེལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལེགས་པོ་བསྐྱེད་དེ། ཆོས་ལུགས་ཁྱབ་ཁོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་རྨང་རྡོ་བརྟན་པོ་བསྐྲུན་ཆེད། ཉེ་ཆར། མཛོད་དགེ་རྫོང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་རྟོག་ཞིབ་སློབ་སྦྱོང་གི་གོ་སྐབས་ལ་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ནས《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཆེད་དོན་སློབ་སྦྱོང་བྱེད་སྒོ་སྤེལ།
སློབ་སྦྱོང་ཚོགས་འདུའི་ཐོག་མཛོད་དགེ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དཀོན་མཆོག་སྦྱིན་པས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་བླང་བྱ་ལྟར། “འདུ་ཤེས་གསུམ”དང“ཁྲིམས་སྲོལ་བསླབ་ནས་ཚུལ་ཁྲིམས་སྲུང་། ཐོས་བསམ་གཙོར་བཟུང་ནས་སྤྱོད་ཚུལ་ལེགས་པོ་སྐྱོང་བ”བཅས་ཀྱི་ནང་དོན་དང་འབྲེལ་ནས།《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་ལྟེ་བའི་དོན་སྙིང་དང་ལག་ལེན་བླང་བྱ་འགྲེལ་བཤད་ཞིབ་ཕྲ་བྱས། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ཁྲིམས་སྦྱོང་བཞིན་ཚུལ་ཁྲིམས་ལེགས་པོ་སྲུང་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་སྐུལ་གྱི་བསམ་བློའི་རྨང་རྡོ་བརྟན་པོ་འཛུགས་པར་སྐུལ་ཁྲིད་བྱས།
ཚང་མས་རང་རྟོགས་སྒོས་དུས་རབས་གསར་པའི་ཆོས་ལུགས་པའི“ཚད་གཞི་བཞི”ལྟར་བསམ་སྦྱོར་གཉིས་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་བཞིན་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་བྱ་ངེས་ལ། སློབ་སྦྱོང་གི་ཐོབ་བྱ་མངའ་ཁུལ་འཆམ་མཐུན་བརྟན་ལྷིང་དང་ས་གནས་འཕེལ་རྒྱས་ཀྱི་སྦྱོར་བར་སྤེལ་ངེས་ཡིན་ཞེས་བཤད།
རྗེས་ཕྱོགས་སུ། མཛོད་དགེ་རྫོང་གིས་ཆོས་ལུགས་ལས་རིགས་ཀྱི་བསམ་བློའི་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོ། རྒྱལ་ཁབ་ཀྱི་གནས་ཚུལ་སློབ་གསོ་བཅས་མུ་མཐུད་དུ་སྤེལ་ནས། ཆོས་ལུགས་མི་སྣར་ཏང་གི་བཀའ་བརྩི་བཞིན་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ཀྱི་དགེ་མཚན་ལེགས་པར་མངོན་བཞིན། རྫོང་ཡོངས་འཆམ་མཐུན་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱ་རྒྱུ་རེད།
