མཛོད་དགེས་ཆུ་གློག་ས་ཚིགས་ཀྱི་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༣

གོང་རིམ་གྱི་ཞོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བཀོད་སྒྲིག་དོན་འཁྱོལ་སྒོས་ཆུ་གློག་ས་ཚིགས་གཉེར་སྐྱོང་གི་འགོག་རྐྱེན་སེལ་ནས། བྲུག་འགོག་དུས་སྐབས་ལ་མངའ་ཁུལ་གྱི་ཆུ་གློག་ས་ཚིགས་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་འཕེལ་སྒྱུར་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཆུ་ལོག་ས་ཚིགས་ལ་ཆེད་དོན་ཞིབ་བཤེར་བྱས། ཞོད་དུས་ཀྱི་བདེ་འཇགས་འཛིང་རགས་ཁྱོན་ཡོངས་ནས་བརྟན་པོ་བཟོས།

ཐེངས་འདིར་ཡུལ་དངོས་རྟོག་ཞིབ་དང་དཔྱད་གཞིར་ལྟ་ཀློག །སྒྲིག་ཆས་ཚོད་ལྟ་བཅས་བྱས་ཏེ། ཆུ་རགས་ཆེན་མོ་ཉེར་སྤྱོད་དང་ས་གཤིས་གནོད་འཚེ་འགོག་སྲུང་། མཁོ་བསྟུན་འགན་སྲུང་བཅས་གཙོ་གནད་ཁྱབ་ཁོངས་བཞི་ལ་དམིགས་ནས། ཆུ་གློག་ས་ཚིགས་ཀྱི་བཟོ་ཁང་དང་རགས་ཆེན། ཆུ་མཛོད། རི་ངོས་ལམ་འགྲམ་སོགས་འགག་རྩའི་གནས་སུ་ཕྱིན་ནས་འཕྲུལ་གློག་དང་ཆུ་ལོག་སྔོན་འགོག །ལྟ་ཞིབ་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་བཅས་ལ་ཞིབ་དཔྱད་བྱས། དེ་མིན་ལས་རེས་ཉིན་ཐོ་དང་ལྟ་ཞིབ་ཐོ་ཡིག །འཁོར་སྐྱོད་བདག་སྐྱོང་ཐོ་ཡིག །མཁོ་བསྟུན་སྦྱོང་བརྡར་ཡིག་ཚགས་སོགས་ཀྱི་དཔྱད་གཞིའི་ཡིག་ཆར་ལྟ་ཀློག་བྱས། ཡུལ་དངོས་ནས་མཁོ་བསྟུན་འཕྲིན་གཏོང་དང་ཞོད་འགོག་ཆུ་འབུད་སོགས་ལྟེ་བའི་སྒྲིག་ཆས་ཀྱི་ནུས་པར་ཚོད་ལྟ་བྱེད་པ་དང་འབྲེལ། ཁེ་ལས་ཀྱི་འགན་འཁུར་པ་དང་དོ་དམ་མི་སྣར་གྲོས་མོལ་བྱས་ནས། ཁེ་ལས་ཁག་གི་ཞོད་དུས་བདེ་འཇགས་དོ་དམ་དང་འགོག་རྐྱེན་བཅོས་སྒྲིག །མཁོ་བསྟུན་སྟ་གོན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་བྱས།

ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་བརྒྱུད། ཆུ་གློག་ས་ཚིགས་ཁག་གཅིག་ལ་ལས་རེས་ཟིན་ཐོ་ཚད་ལྡན་མིན་པ་དང་ལས་རེས་བརྗེ་བའི་ཐོ་ཡིག་གསལ་པོར་བཀོད་མེད་པ། ཡིག་ཚགས་ཉར་ཚགས་ནན་མོ་མིན་པའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་། འཕྲལ་མར་བཅོས་སྒྲིག་གི་བླང་བྱ་ལྟར་ཡུལ་དངོས་ནས་བཅོས་སྒྲིག་ལས་འགན་སྒྲུབ་སྤྲོད་བྱས། བཅོས་སྒྲིག་ཚད་གཞི་དང་དུས་ཡུན་ཁ་གསལ་བཟོས། མིག་སྔར་གནད་དོན་ཚང་མ་བཅོས་སྒྲིག་བྱས་ཚར་ལ། ཞོད་དུས་ཆུ་གློག་ས་ཚིགས་བདེ་འཇགས་ངང་འཁོར་སྐྱོད་ཀྱི་འགོག་རྐྱེན་སེལ་ནས། མངའ་ཁུལ་གྱི་ཆུ་གློག་ས་ཚིགས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ལས་དོན་སྔར་ལས་ཚད་ལྡན་དུ་བཏང་།