གློག་བརྙན་དང་འབྲེལ་བའི་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྒྲིག་སྒྱུར། བསྟན་འཛིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༢

དབྱར་གསེང་འཆར་ཉེར་ཡོད་པའི་སྐབས་སུ། གློག་བརྙན་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་ལས་རྣམ་གསར་པ་སྐད་གྲགས་རྒྱུན་མཐུད་ཆོད་པ་དང་། རིག་གནས་ཉམས་ལེན་ཡུལ་སྐོར་དང་། ཕ་བུའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དེ་མི་རྣམས་ཡུལ་སྐོར་བྱེད་པའི་དར་སྲོལ་གསར་པར་གྱུར་ཡོད། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གློག་བརྙན་ནང་གི་ཁུངས་སྣེར་གཞིགས་ནས་ཁྱད་ལྡན་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་ས་ཁོངས་ཀྱི་ལོ་རྒྱུས་རིག་གནས་མྱོང་རོལ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་བཞིན་ཡོད།

ཞ་མོན་གྱི་“མིན་ནན་དང་འཕྲད་པ”ཞེས་པའི་མཛེས་ལྗོངས་ཁུལ་དུ་གློག་བརྙན་《རྨོ་བོ་ལགས་ལ་སྤྲིངས་པའི་མཛའ་འཕྲིན》ཞེས་པ་སྐད་གྲགས་ཆོད་པའི་དབང་གིས་ཕྱིར་སྡོད་རང་མིའི་འཕྲིན་ཡིག་རིག་གནས་ཉམས་ལེན་ཁྲོམ་གཞུང་དུ་ཡུལ་སྐོར་བ་མང་དུ་ཕྱིན་ཏེ་དབྱར་གསེང་གི་ཞིབ་འཇུག་སློབ་སྦྱོང་བྱེད་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཞ་མོན་གྱི་“མིན་ནན་དང་འཕྲད་པ”ཞེས་པའི་བརྗོད་དོན་གཙོ་བོའི་མཛེས་ལྗོངས་ཁུལ་གྱི་འཁྲབ་སྟོན་པ་ཀྲན་ཧའོ་ཡིས། ང་ཚོས་ཕྱིར་སྡོད་རང་མིའི་འཕྲིན་ཡིག་སྐོར་གྱི་ཤེས་བྱའི་དྲི་བ་དྲིས་ལན་དང་། འཕྲིན་ཡིག་འབྲི་བ། འཕྲིན་ཡིག་བསྐུར་བ་སོགས་ཉམས་ལེན་བྱ་རྒྱུ་ཇུས་འགོད་བྱས་ནས། གྲོགས་པོ་ཚོ་ཟུར་ནས་ལྟ་མཁན་ཞིག་ནས་དེའི་ནང་ཞུགས་མཁན་དང་། དེ་བཞིན་རིག་གནས་བརྒྱུད་སྤེལ་བྱེད་མཁན་དུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ཧུའུ་ནན་ཧྲའོ་ཧྲན་དུ་“གློག་བརྙན་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”ཉམས་ལེན་རྟེན་གཞིའི་“དྭ་ལིས་དམར་པོ། གློག་བརྙན་ཉམས་ལེན”ཞེས་པ་དེས་དངོས་ལྗོངས་འཁྲབ་སྟོན་དང་། བསམ་བློ་ཆབ་སྲིད་སློབ་ཚན། གྲངས་འཛིན་མཉམ་འགུལ་བཅས་ཀྱི་ལས་རྣམ་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་བག་ཕེབས་རྣམ་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་ཡོད།

ལྟད་མོ་བས། གློག་བརྙན་གྱི་ཚན་རྩལ་ཉམས་སུ་མྱོང་ཐུབ་ལ། གསར་བརྗེའི་གློག་བརྙན་རིག་གནས་ཀྱང་ཉམས་སུ་མྱོང་ཐུབ་ཀྱི་འདུག་པ་དེ་ནི་དར་སྲོལ་གསར་པ་ཞིག་རེད་འདུག་པས་དངོས་གནས་ཡག་པོ་འདུག་ཅེས་བརྗོད་ཡོད།

དེ་དང་ཆབས་ཅིག་གླིང་ཁུལ་དུ་བརྗོད་དོན་གཙོ་བོའི་ཀོག་ཧྥེ་ཁང་དང་། མི་ཆོས་རིག་གནས་དཔེ་ཚོང་ཁང་། རིག་གནས་གསར་གཏོད་སོགས་ལེ་ལག་ཚང་བའི་ལས་རྣམ་བཀོད་སྒྲིག་བྱས་ཡོད་ཅིང་། གློག་བརྙན་གྱི་མིང་གྲགས་ལ་བརྟེན་ནས་ཤུགས་རྐྱེན་ཆགས་པ་བྱེད་པ་དང་། སྣ་མང་འཛད་སྤྱོད་ཀྱི་ཁོར་ཡུག་ཅིག་ཆགས་པ་བྱས་ཡོད་པ་རེད།