ལྷ་སྒང་རྩྭ་ཐང་དུ་རྒྱལ་ལམ་318རྒྱུད་ཀྱི་རོལ་དབྱངས་འདུ་ཚོགས་འཚོགས།

ཡོང་ཁུངས། དཀར་མཛེས་གཏོང་སྦྱོར་ལྟེ་གནས།
གསར་འགོད་པ། ཡེ་ཤེས།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༡

སྤྱི་ཟླ་7པའི་ཚེས་18ཉིན། གནས་མཆོག་དཀར་མཛེས་ལ་འཛོམ་པའི་ཁ་ཆད་ཡོད། མཛའ་གཞས་ཆོལ་ཁ་བསྐོར་ནས་འགྲོ་ཞེས་པ་གཙོ་དོན་དུ་བྱས་པའི་2026ལོའི་རྒྱལ་ལམ་318རྒྱུད་ཀྱི་འཚོ་བའི་དུས་ཚིགས་འདུ་ཚོགས་སྐབས་གཉིས་པ་ལྷ་སྒང་རྩྭ་ཐང་དུ་སྤེལ། བཞག་བྲ་ལྷ་རྩེ་རྒྱབ་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་ལྷ་སྒང་རྩྭ་ཐང་གར་སྟེགས་སུ་བྱས་ནས་འདུ་ཚོགས་གཟབ་རྒྱས་ངང་སྤེལ། རང་ཡུལ་གྱི་ཞིང་འབྲོག་ཐོན་ཁུངས་རྨང་གཞིར་དང་མི་ཉག་གཟུགས་མེད་རིག་གནས་ཤུལ་བཞག་རིག་གནས་ཀྱི་ནང་སྙིང་བྱེད་པ། རྒྱལ་ལམ་318རྒྱུད་ཀྱི་རིག་གནས་ཡུལ་སྐོར་འབྲེལ་ལམ་དང་ཞིང་འབྲོག་ཐོན་སྐྱེད་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་མཉམ་འདྲེས་བྱས་ཏེ"ལྟ་ཆོག་པ་དང་རྩེད་ཆོག་པ། མྱོང་རོལ་དང་འཛད་སྤྱོད་ཆོག་པ། འབབ་འཕར་ཡོང་བའི"རྒྱལ་ལམ་318རྒྱུད་ཀྱི་དབྱར་དུས་རིག་གནས་ཡུལ་སྐོར་ཁྲོམ་ར་བཏོན་པ་རེད།

བྱེད་སྒོ་རུ་རིག་གནས་གསོན་འགྱུར་དང་དངོས་ལྗོངས་མྱོང་རོལ་གཙོ་བོར་བྱས་ནས་སྲོལ་རྒྱུན་གྱི་ལྟ་སྐོར་ཡུལ་སྐོར་ཁོ་ན་མ་ཡིན་པར། ལྷ་སྒང་རང་ཡུལ་གྱི་ཁྱད་ཆོས་ཀྱི་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱས། སྐད་གྲགས་ཆེ་བའི་རོལ་མོ་བ་དང་ཆེད་ལས་འཁྲབ་སྟོན་ཚོགས་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ། ས་གནས་དེ་གའི་མང་ཚོགས་དང་སློབ་མ་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་བྱས་ཏེ་མི་རིགས་ཀྱི་རོལ་དབྱངས་དང་། འདར་འགྲིལ་རོལ་དབྱངས། གློག་རྡུལ་རོལ་དབྱངས་སོགས་སྣ་མང་རོལ་དབྱངས་མཉམ་དུ་འདྲེས་ནས། མི་ཉག་ལ་གླུ་དང་ལྷ་མོ་ཟློས་གར། སྐོར་བྲོ་དང་ཞབས་བྲོ། སྒྲ་སྙན་རྡུང་ལེན། གོས་རྒྱན་ཤོམ་འགྲོ་སོགས་ས་གནས་དེ་གའི་ཁྱད་ཆོས་ཀྱི་དམངས་སྲོལ་གཞི་རྒྱུ་དེ་དེང་རབས་རོལ་དབྱངས་ཀྱི་རྩོམ་སྟངས་དང་། གར་སྟེགས་སྒྱུ་རྩལ་གསར་གཏོད་ལ་བརྟེན་ནས་མངོན་པར་བྱས་ཏེ་གནའ་བོའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་དར་སྤེལ་ལ་ཕྱོགས་ཀུན་ནས་དུས་རབས་ཀྱི་གསོན་ཤུགས་བསྩལ་ཡོད། །