མཛོད་དགེ་རྫོང་ཆུ་དོན་ཅུས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་ཞོད་དུས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།

ཞོད་དུས་ལ་སླེབས་པ་ནས་བཟུང་མཐོ་སྒང་ས་ཁུལ་གྱི་ཡུན་ཐུང་དྲག་ཆར་དང་ཆུ་གནས་འཕར་བ། ཆུ་ལོག་དང་ས་གཤིས་གནོད་འཚེ་སོགས་ཀྱི་ཉེན་ཁ་ཐག་གཅོད་ནུས་ལྡན་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་བདེ་འཇགས་སྲུང་ཐིག་བརྟན་པོ་བཟོ་ཆེད། མཛོད་དགེ་རྫོང་ཆུ་དོན་ཅུས་ཀྱིས་ཞོད་དུས་ཀྱི་གནད་འགག་ལ་དམིགས་ནས། འགོག་རྐྱེན་གཙང་སེལ་དང་དངོས་ཟོག་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་བཞིན་ཕྱོགས་ཡོངས་ནས་ཞོད་དུས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།

ཁོངས་ཡོངས་སུ་ཆད་ལུས་མེད་པར་འགོག་རྐྱེན་གཙང་སེལ་བྱས་པ་སྟེ། ཆུ་ལམ་དང་ཆུ་བེད་ལས་གྲྭ། ཆུ་ལོག་འབྱུང་རྐྱེན་མང་ཁུལ། ཆུ་འགྲམ་གྱི་གཤོང་ས་བཅས་ལ་ཡོངས་ཁྱབ་ཀྱིས་རིམ་བཤེར་བཅོས་སྒྲིག་བྱས། བསྡོམས་པས་ལས་གཉེར་བ་མི་ཐེངས་33མངགས་ནས་ཞོད་འགོག་བདེ་འཇགས་འགོག་རྐྱེན་22གཙང་སེལ་བྱས། དེ་རུ་ལས་རིགས་ཀུན་ལ་ཁྱབ་པའི་གནད་དོན་18དང་ས་གནས་རང་བཞིན་གྱི་གནད་དོན་4འདུ་བ་འཕྲལ་མར་བཅོས་སྒྲིག་བྱས། འབྱུང་ཁུངས་ནས་ཆུ་ལོག་དང་ཆུ་བེད་སྒྲིག་བཀོད་འཁོར་སྐྱོད་ཀྱི་བདེ་འཇགས་འགོག་རྐྱེན་མེད་པར་བཟོས།

དངོས་ཟོག་གྲབས་གསོག་ཞིབ་ཚགས་བྱས་ནས་མཁོ་བསྟུན་གྱི་རྒྱབ་རྟེན་ཇེ་བརྟན་དུ་བཏང་བ་སྟེ། “གྲ་སྒྲིག་ཙམ་ལས་སྤྱོད་མཁོ་མེད་རུང་། སྤྱོད་མཁོ་ཡོད་དུས་གྲ་སྒྲིག་མེད་མི་རུང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དངོས་ཟོག་རྩིས་ལེན་དང་སྒྲིག་ཆས་ཞིག་གསོ། དངོས་ཟོག་སྤྱོད་འདྲེན་གྱི་རྩིས་ཐོ་གསལ་འགོད་ཀྱིས་འགུལ་རྣམ་དོ་དམ་ལམ་སྲོལ་ལག་བསྟར་བྱས། མིག་སྔའི་བར་ཞོད་འགག་བྱེ་ཁུག་དང་གློག་འདོན་འཕྲུལ་ཆས། ཆུ་འཐེན་འཕྲུལ་འཁོར། ཆར་ལྭ་དང་ཆར་ལྷམ་སོགས་ཉེན་གཡོལ་དངོས་རྫས་3400ལྷག་གྲབས་གསོག་བྱས་ཡོད། རྐོ་འདྲུའི་འཕྲུལ་འཁོར་གྱི་མཁོ་བསྟུན་རོགས་སྐྱོབ་ཞབས་ཞུའི་གྲོས་མཐུན་1བཞག་ནས་ཉེན་སེལ་དང་རོགས་སྐྱོབ། བདེ་འགོད་སོགས་ཀྱི་དགོས་མཁོ་བསྐོང་ཐུབ་ལ། གནད་འགག་གི་སྐབས་སུ་སྤྱོད་ཐུབ་ལ་སྤྱོད་གོ་ཆོད་པར་འགན་ལེན་བྱས།
ལྟ་ཞིབ་ལས་རེས་ལ་ཤུགས་སྣོན་བྱས་ཏེ་ཉེན་བརྡ་གཏོང་ལེན་གྱི་དྲ་བ་དམ་ཚགས་བཟོས་པ་སྟེ། ཆུ་བོ་དང་མཚེའུ། ཆུ་ལོག་འབྱུང་ཁུལ་ལ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་བཏང་། ཆུ་ཚོད་24ལ་ལས་རེས་ལམ་ལུགས་དོན་འཁྱོལ་བྱས། ཆར་ཆུ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཐབས་ཇེ་ལེགས་སུ་བཏང་། ཡུལ་གྲོང་གི་ལས་རེས་གནས་ཚུལ་ལ་འཐེན་བཤེར་ཐེངས་420བྱས། ཆུ་ལོག་གི་གནོད་འཚེ་འབྱུང་ཁུལ་གྱི་ལྟ་ཞིབ་འགན་འཁུར་པ་ལས་གནས་སུ་ཡོད་མེད་མི་ཐེངས་1320ལ་ཞིབ་བཤེར་བྱས། ཆར་ཆུ་དང་ཆུའི་གནས་ཚུལ། ཆུ་ལོག་བཅས་ཀྱི་ཉེན་བརྡའི་ཆ་འཕྲིན་3000ལྷག་བསྒྲགས། གཞི་རིམ་གྱི་འཐབ་ཕྱོགས་དང་པོས་ཉེན་བརྡ་འཕྲལ་མར་གཏོང་ལེན་དང་ཉེན་སེལ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་།
