འཛམ་གླིང་བུམ་པའི་རྩེ་གྲས་བརྒྱད་ཀྱི་རུ་ཁག་གཏན་འཁེལ་འདུག
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༩
པེ་ཅིན་གྱི་དུས་ཚོད་སྤྱི་ཟླ་7ཚེས་8ཉིན། 2026ལོའི་ཨ་ཁ་མོའི་འཛམ་གླིང་བུམ་པའི་བརྒྱད་ཐོན་གྱི་འགྲན་བསྡུར་ཡོངས་སུ་མཇུག་འགྲིལ་ཞིང་། ཨ་ཀེན་ཐིན་རུ་ཁག་གིས་ 3 :2 ཀྱི་བསྡུར་གྲངས་ཐོག་ནས་ཨེ་ཅིབ་ལས་རྣམ་པར་རྒྱལ་བ་དང་། སུའེ་ཙེར་རུ་ཁག་དང་ཁོ་ལོམ་པི་ཡ་རུ་ཁག་གཉིས་དྷ་སི་ཀ་ཊམ་བརྒྱབ་ནས་མཐའ་མའི་བསྡུར་གྲངས་ 4 : 3 གྱི་ཐོག་ནས་སུའུ་ཙེར་རུ་ཁག་རྒྱལ་ཏེ་རྩེ་གྲས་བརྒྱད་ནང་ཚུད་པ་རེད།

ད་ཐེངས་ཀྱི་ཨ་ཁ་མོའི་འཛམ་གླིང་བུམ་པའི་རྩེ་གྲས་བརྒྱད་ནང་ཚུད་པའི་རུ་ཁག་ནི་ནོར་ཝེ་དང་། ཧྥ་རན་སེ། དབྱིན་ཀེ་ལན། མོ་རོ་ཁོ། ཨ་ཀེན་ཐིན། སི་ཕེན། སུའེ་ཙེར། པི་ལི་ཧྲི་བཅས་ཡིན་པ་རེད།
འགྲན་བསྡུར་རྗེས་མའི་ཁ་གཏད་དང་འགྲན་བསྡུར་གྱི་དུས་ཚོད་རེའུ་མིག

