དཀར་མཛེས་ཁུལ་གྱི་སྡེ་ཚན་ཁག་གིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས།

ཡོང་ཁུངས། དཀར་མཛེས་གཏོང་སྦྱོར་ལྟེ་གནས།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༧ ཚེས་ ༢

སྤྱི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་གནང་། ཚོགས་ཆེན་དུ་ད་དུང་རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་མི་ཕུལ་བྱུང་དང་རྒྱལ་ཡོངས་ཀྱི་ཏང་དོན་ལས་དོན་པ་ཕུལ་བྱུང་། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས།

དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་། རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་བརྙན་འཕྲིན་དང་རྒྱང་སྒྲོག །དྲྭ་རྒྱ་སོགས་ནས་ཚོགས་ཆེན་གྱི་ཡུལ་དངོས་ཐད་གཏོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་ངང་ལྟ་ཉན་བྱས། ལོ་ངོ་105རིང་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་མཉམ་དུ་ཕྱིར་དྲན་བྱས་པ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེར་ཤེས་རྟོགས། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།

དཀར་མཛེས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་འགྲིམ་འགྲུལ་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་ཚན་རྩལ་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་ཆུ་བེད་ཅུས་ཀྱི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་ལས་བྱེད་པས་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ།

རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་བརྟག་དཔྱད་རུ་ཁག་གི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

སྡེ་རོང་རྫོང་གི་ལས་བྱེད་པས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

དཀར་མཛེས་རྫོང་དཀར་རགས་ཡུལ་ཤོག་རྡོ་ཐོག་གྲོང་སྡེའི་ཡུལ་མི་ཡ་ཐར་གྱི་ཁྱིམ་དུ་ས་གནས་དེ་གའི་ཏང་མི་ལས་བྱེད་པ་དང་ཡུལ་མི་ཚོས་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་རྒྱུན་ཆད་མེད་པར་བཞུར་བ་དང་བསྟུན་ནས་དུས་རབས་ལ་འགྱུར་ལྡོག་གསར་བ་བྱུང་དང་འབྱུང་བཞིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་དཀར་མཛེས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཏང་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་དཔའ་ཉམས་ཆེ་བའི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་ཁྲོད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་རེད། །