ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་གི་རྒྱས་འཛོམས་ཚོགས་འདུ་འཚོགས་པ།
སྤྱི་ཟླ་6པའི་ཚེས་23ཉིན། ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་ཆེད་དོན་སློབ་སྦྱོང་གི་རྒྱ་སྐྱེད་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་བསམ་བློ་དང་ཡང་དག་པའི་སྲིད་སྐྱོང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་གཅིག་སྡུད་སློབ་སྦྱོང་བྱས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཁོང་གིས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སློབ་སྦྱོང་དང་བསམ་གཞི། བེད་སྤྱོད་བཅས་གཅིག་གྱུར་ཡོང་བ་དང་། ཤེས་རྟོགས་དང་ཡིད་ཆེས་དང་ལག་ལེན་བཅས་གཅིག་གྱུར་ཡོང་བ་བྱ་དགོས་པར་བསྟན།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ཏེ། དགོངས་པ་གལ་ཆེན་འདིར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་། དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དེ་ཉིད་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་རིག་པ་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་རིག་པ། ལག་ལེན་གྱི་གཏན་ཚིགས་རིག་པ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། ལྷག་པར་དུ་རྒྱུན་འཁྱོངས་བཅུ་བཞི་ཞེས་པ་གཅིག་ཏུ་སྦྲེལ་ནས་གཞི་གཅིག་ཏུ་གོ་བ་བླངས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་ས་གནས་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས། སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་གྱི་ཁོར་ཡུག་ཟབ་མོ་བསྐྲུན་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་འབད་པ་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་ཐོག །ཏང་ཡོངས་སུ་ཡང་དག་པའི་སྲིད་སྐྱོང་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཁ་གསལ་བཏོན་པའི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན། ང་ཚོས་ཡང་དག་པའི་སྲིད་སྐྱོང་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྔར་བས་རང་རྟོགས་ངང་སྤྱད་དེ་ཡང་དག་པའི་སྲིད་སྐྱོང་ལྟ་བར་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། ལག་ལེན་སྨྲ་བའི་ཟུར་ཚད་ཀྱི་ཐོག་ནས་ཅི་ཞིག་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་འཐོབ་པའི་གནད་དོན་སྔར་བས་ཐག་གཅོད་ཡག་པོ་བྱས་ཏེ། འགན་འཁྲི་འཁུར་བའི་ཁྲོད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་། བྱ་བ་ལས་བའི་ཁྲོད་དུ་བྱ་བ་ལེགས་པར་འགྲུབ་པ། དཔེ་སྟོན་སྐུལ་ཁྲིད་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཀྱིས་དངོས་སུ་དམ་འཛིན་བྱེད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ལས་ཀ་བྱས་ནས་གོང་འོག་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ལས་ཀར་སྐུལ་འདེད་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།
