ལི་ཐང་བསྟན་འཛིན་གྱི་གློག་བརྙན་འདིར་མཚན་སྙན་འདི་འདྲ་ཞིག་ཐོབ་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྒྲིག་སྒྱུར། བསྟན་དབང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༢༣

ཟླ་བ་6པའི་ཚེས་18ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་གློག་བརྙན་འཁྲབ་གཞུང་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་སྟོན་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་འཕེལ་རྒྱས་མ་དངུལ་གྱིས་རོགས་སྐྱོར། དེ་བཞིན་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་དང་། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་པར་བླངས་པའི་གློག་བརྙན་སུམ་པའི་རྒྱལ་ཕྲན་འཚོལ་བ་ཞེས་པ་དེ་སྐབས་28པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱུད་གཅིག་ལམ་གཅིག་གློག་བརྙན་གཟའ་འཁོར་ཐོག་འཛམ་གླིང་ཁྱོན་ལ་སྟོན་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།

གློག་བརྙན་《སུམ་པའི་རྒྱལ་ཕྲན་འཚོལ་བ》ཞེས་པ་ནི་རྩོམ་པ་པོ་མེའོ་ལེན་གྱི་མིང་མཚུངས་བརྩམས་སྒྲུང་ལས་བསྒྱུར་བཀོད་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་འདི་ནི་ལམ་བཞུད་གློག་བརྙན་གྱི་སྒྲོམ་གཞིའི་ཐོག་ནས་ཕབ་སྐྲུན་བྱས་ཏེ། ས་མཐོའི་རང་བྱུང་མཛེས་ལྗོངས་དང་སུམ་པའི་རིག་གནས་ཤོད་རྒྱུན་རྣམས་དེང་རབས་གཞོན་ནུའི་བརྩེ་དུང་དང་མཉམ་དུ་སྦྲེལ་ནས། ཕ་ཡུལ་དང་། རང་གི་རྩ་བ། སེམས་ཀྱི་གཏོགས་ས་བཅས་འཚོལ་བའི་གློག་བརྙན་ནང་གི་འགྲུལ་བཞུད་ཅིག་ལྟད་མོ་བའི་སྤྱན་ལམ་དུ་བཤམས་ཡོད།

ས་མཐོར་གཞི་ཚུགས་ཤིང་མི་རིགས་ཀྱི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པའི་བརྩམས་ཆོས་ལེགས་གྲས་ཤིག་ཡིན་པའི་ཆ་ནས།《སུམ་པའི་རྒྱལ་ཕྲན་འཚོལ་བ》ཡིས་ས་མཐོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དེ་ཕྱོགས་ཡོངས་ནས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གློག་བརྙན་གཟའ་འཁོར་གྱི་བྱ་དགའ་གསལ་བསྒྲགས་བྱེད་སྐབས། གློག་བརྙན་འདིར་“ལྟད་མོ་བའི་དགའ་བསུ་ཆེས་ཐོབ་པའི་གློག་བརྙན”གྱི་མཚན་སྙན་བྱ་དགའ་ཐོབ་ཡོད།