སྤྱི་ཟླ་6པའི་ཚེས15ཉིན་ནས་གཡག་མདོ་མྱུར་ལམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།
ཉེ་ཆར། སི་ཁྲོན་མྱུར་ལམ་སྤྱི་བདེ་ཡན་ལག་ཅུས་བཞི་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་6པའི་ཚེས་15ཉིན་ནས་སྤྱི་ཟླ་7པའི་ཚེས་4ཉིན་བར་གྱི་ཉིན་རེའི་ཆུ་ཚོད་22ནས་ཕྱི་ཉིན་གྱི་ཆུ་ཚོད་7པའི་བར(སྤྱི་ཟླ་6པའི་ཚེས་18ཉིན་ནས་ཚེས་21ཉིན་བར་ཕུད།)གཡག་མདོ་མྱུར་ལམ་དར་མདོ་ལམ་ཁྲལ་ས་ཚུགས་ཀྱི་འཛུལ་སྒོ་སྒོ་རྒྱག་རྒྱུ་རེད།

གནས་ཚུལ་ཞིབ་ཕྲ་གཤམ་གསལ།
མྱུར་བགྲོད་གཞུང་ལམ་གཉེར་སྐྱེལ་བྱེད་པའི་གནོད་འགོག་ནུས་པ་ཆེ་རུ་གཏང་ཆེད། གོང་རིམ་གྱི་བླང་བྱ་གཞིར་བཟུང་ནས་སི་ཁྲོན་གཡག་མདོ་མྱུར་ལམ་སྤྱི་གཉེར་ཁང་གིས་དར་མདོ་ནས་ལྕགས་ཟམ་ཁའི་བར་གྱི་ལམ་མཚམས་ས་ཚུགས་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐག་གཅོད་ཀྱི་ཨར་ལས་བྱ་རྒྱུ་རེད། ཨར་ལས་བྱེད་རིང་འགྲོ་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། གཡག་མདོ་མྱུར་ལམ་གྱི་དར་མདོ་ནས་ལྕགས་ཟམ་ཁའི་ལམ་མཚམས་ཀྱི་མཚན་མོའི་འགྲོ་སྐྱོད་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད། ད་ལྟ་བརྡ་ཁྱབ་སྤེལ་བ་གཤམ་གསལ།
གཅིག །བཀག་སྡོམ་དུས་ཚོད།
2026ལོའི་ཟླ་6པའི་ཚེས་15ཉིན་ནས་ཟླ་7པའི་ཚེས་4ཉིན་བར་ཉིན་རེའི་ཆུ་ཚོད་22ནས་ཕྱི་ཉིན་གྱི་ཆུ་ཚོད་7པའི་བར། (སྤྱི་ཟླ་6པའི་ཚེས་18ཉིན་ནས་ཚེས་21ཉིན་ཕུད།)
གཉིས། བཀག་སྡོམ་བྱ་ཡུལ།
ཨར་ལས་ལས་སྒྲུབ་དང་མྱུར་ལམ་དོ་དམ་བྱེད་པའི་འཁོར་རིགས་གཞན་པ།
གསུམ། བཀག་སྡོམ་བྱེད་སྟངས།
བཀག་སྡོམ་བྱེད་པའི་དུས་མཚམས་ནང་། ཉིན་རེའི་ཆུ་ཚོད་22ནས་ཕྱི་ཉིན་གྱི་ཆུ་ཚོད་7པའི་བར་གཡག་མདོ་མྱུར་ལམ་གྱི་དར་མདོ་ལམ་ཁྲལ་ས་ཚུགས་ཀྱི་སྒོ་རྒྱག་རྒྱུ།
བཞི། སྐོར་སྐྱོད་ལམ་ཐིག།
རྒྱལ་ལམ་318བརྒྱུད་དེ་གཡག་མདོ་མྱུར་ལམ་གྱི་ལྕགས་ཟམ་ཁའི་ལམ་ཁྲལ་ས་ཚུགས་ནས་མྱུར་ལམ་དུ་བུད་ཆོག།
ལྔ། དོ་སྣང་བྱ་ཡུལ།
(གཅིག) དར་མདོ་ནས་ལྕགས་ཟམ་ཁའི་བར་གྱི་ལམ་མཚམས་ས་ཚུགས་ཁག་གཅིག་གི་ས་གཤིས་གནོད་འཚེ་ཐག་གཅོད་ཨར་ལས་བྱས་པ་དེས་མྱུར་ལམ་གྱི་གནོད་འགོག་ནུས་པ་ཆེ་རུ་གཏང་རྒྱུར་ཕན་པ་ཡོད། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་དགོས་ངེས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་གནང་རོགས།
(གཉིས།)ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་རང་འགུལ་ངང་ཕྱོགས་སྟོན་མ་ལག་བརྒྱུད་ལམ་གྱི་གནས་ཚུལ་ཆ་འཕྲིན་ཤེས་རྟོགས་བྱས་ཏེ་དུས་སྔོན་ནས་འགྲོ་སྐྱོད་བཀོད་སྒྲིག་ཡག་པོ་བྱ་དགོས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། འགྲིམ་འགྲུལ་བཀག་སྡོམ་དང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ན་ཁྲིམས་ལྟར་ཆད་པ་གཅད་རྒྱུ།
(གསུམ།) གལ་ཏེ་ཐོལ་བྱུང་གི་གནས་ཚུལ་ཛ་དྲག་དང་འཕྲད་ཚེ་ཡུལ་དངོས་ཀྱི་མི་དམངས་ཉེན་རྟོག་པར་འབྲེལ་བ་བྱེད་པའམ་ཡང་ན་12122དང་6122ལ་ཁ་པར་བརྒྱབ་ནས་རོགས་སྐྱོབ་ཞུ་དགོས། །
