ཞོད་འགོག་ཆུ་རགས་བརྟན་པོ་བསྐྲུན་ནས་རིག་ལྗོངས་བདེ་འཇགས་ལ་འགན་སྲུང་བྱས།

ལས་རིགས་ཀྱི་བདེ་འཇགས་འགན་འཁྲི་ལེགས་བསྐོས་དང་ཞོད་དུས་ཀྱི་བདེ་འཇགས་གནོད་རྐྱེན་འགོག་སྲུང་བྱ་ཆེད། ཉེ་ཆར་མཛོད་དགེ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ལུས་རྩལ་ཡུལ་སྐོར་ཅུས་ཀྱིས་རྨ་ཁུག་དང་པོ་དང་མཚོ་ཁྲ། ཤྭ་བ་ཁྲ་རིས་སྐྱེ་ཁམས་གླིང་བཅས་མཛེས་ལྗོངས་ཁུལ་ཆེན་པོ་གསུམ་དུ་བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་ཐད་ཆེད་དོན་ཞིབ་བཤེར་བྱས། ཞོད་འགོག་ཉེན་གཡོལ་ལག་ལེན་འཁྲབ་སྦྱོང་སྤེལ་བ་དང་འབྲེལ་ཞིབ་བཤེར་ལ་བརྟེན་ནས་བཅོས་སྒྲིག་དང་སྦྱོང་བརྡར་ལ་བརྟེན་ནས་སྟ་གོན་བྱས་ཏེ། མཛེས་ལྗོངས་ཁུལ་བདེ་འཇགས་གཉེར་སྐྱོང་དང་ཡུལ་སྐོར་པའི་འགྲོ་སྐྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

སྦྱོང་བརྡར་དེ་རུ་ཞོད་དུས་སུ་དྲག་ཆར་བབས་པས་ཆུ་གནས་འཕར་བ་དང་ལམ་དུ་ཆུ་འཁྱིལ་བ། ཡུལ་སྐོར་པ་ཉེན་ཁ་ཆེ་ཁུལ་དུ་ལུས་ནས་རྨས་སྐྱོན་ཕོག་པ་སོགས་ཐོལ་བྱུང་ཉེན་ཁའི་གནས་ཚུལ་བྱུང་ཁུལ་གྱིས། ཉེན་བརྡ་གཏོང་བ་དང་རོགས་སྐྱོབ་གཞོགས་འདེགས། མི་སྣ་ཉེན་གཡོལ། གནོད་རྐྱེན་བཅོས་སྒྲིག་སོགས་མཁོ་བསྟུན་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་སྦྱོང་བརྡར་བྱས། དངོས་རྣམ་སྦྱོང་བརྡར་བྱས་པ་བརྒྱུད་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་གྱི་མཁོ་བསྟུན་ལམ་ལུགས་ལེགས་སྒྲིག་བྱས། མཁོ་བསྟུན་ཐག་གཅོད་ཀྱི་ཞན་ཆ་གསབ། མཛེས་ལྗོངས་ཁུལ་གྱི་ལས་གཉེར་པའི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་མཐུན་སྦྱོར་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་།
ལས་དོན་མི་སྣས་མཛེས་ལྗོངས་ཁུལ་གྱི་ཞོད་འགོག་སྒྲིག་བཀོད་དང་ཡུལ་སྐོར་རྐང་ལམ། བདེ་འཇགས་བགྲོད་ལམ། ཉེན་བརྡའི་མཚོན་རྟགས་སོགས་གཙོ་གནད་ས་གནས་སུ་ཆད་ལུས་མེད་པར་གནོད་རྐྱེན་ཡོད་མེད་ལ་རིམ་བཤེར་བྱས། རྐང་ལམ་དུ་བརྙན་མིག་མེད་པ་དང་ཉེན་ཚབས་ཆེ་བའི་ཉེན་ཁ་ཞིབ་གཅོད་བྱས་ཚུལ་མི་ལེགས་པའི་གནད་དོན་ལ་དམིགས་ནས། ཡུལ་དངོས་ནས་བཅོས་སྒྲིག་གི་བརྡ་བཏང་། བྱེད་པོའི་འགན་འཁྲི་ནན་འཛིན་གྱིས་འཕྲལ་མར་བཅོས་སྒྲིག་དང་འགུལ་རྣམ་གཙང་སེལ་བྱེད་པར་ལྟ་སྐུལ་གནང་། དེ་དང་ཆབས་ཅིག་སྦྱོང་བརྡར་གྱི་ཕན་འབྲས་དང་འབྲེལ་ནས་ཞོད་འགོག་མཁོ་བསྟུན་ལམ་ལུགས་3འཐུས་ཚང་དུ་བཏང་ནས། ཞོད་དུས་ཀྱི་རིག་ལྗོངས་བདེ་འཇགས་ཉེན་ཁ་མགོ་ཁུངས་ནས་མེད་པར་བཟོས།
