ཞིང་ཆེན་ཏང་ཨུའི་སྐབས་12པའི་ཚང་འཛོམས་གྲོས་ཚོགས་ཐེངས་9པ་འཚོགས།


ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་2026ལོའི་ཟླ་6ཚེས་10ཉིན་ཁྲེང་ཏུའུ་རུ་འཚོགས།
ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་གྲས་སུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་63དང་རྗེས་སྣོན་ཨུ་ཡོན་15ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་། འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སོགས་འཚོགས་འདུ་རུ་ཞུགས་ཡོད།
ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཆོད་དོན་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་ཞའོ་ཧུའེ་ཡིས་ཆོད་དོན་གྱི་གྲོས་བསྡུར་མ་ཟིན་སྐོར་ལ་གསལ་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག སི་ཁྲོན་གྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་བྱེད་པ། དེང་རབས་ཅན་བཞི་མཉམ་སྒྲིལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཁུལ་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུན་བརྟན་ངང་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱིའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྤྱིའི་གཞི་འཛིན་སར་འཛིན་པ། ལས་གྲྭ་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ། ཞིང་ལས་ཞིང་ཆེན་ཆེན་པོའི་མིང་བྱང་མུ་མཐུད་གསལ་པོར་གཏོང་བ། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འཛུགས་པ་དང་། གྲོང་གསེབ་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཐོག་འཛོམས་པ། ཞིང་པའི་འཚོ་བ་སྔར་བས་འབྱོར་ཕྱུག་མཛེས་སྡུག་ལྡན་པ་ཡོང་བ་བཅས་བྱེད་པ། གྲོང་གསེབ་ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། རང་རེའི་ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ངེས་པར་དུ་ཞིང་སྟོབས་དང་ཞིང་ཕན་ཞིང་ཕྱུག་མངོན་གསལ་དོད་པོ་དང་། ངེས་པར་དུ་བསྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ངེས་པར་དུ་ཡུལ་བབ་དང་བསྟུན་པར་དོ་སྣང་བྱེད་པ། ངེས་པར་དུ་ཞིང་གསུམ་ལས་དོན་གྱི་མ་མཐའི་ཚད་གཞི་སྲུང་དགོས་ཞེས་པ་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག །ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དམ་འཛིན་དངོས་སྒྲུབ་དང་འབད་བརྩོན་འབད་འཐབ་བྱས་ནས་ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་འབོད་སྐུལ་གནང་།
