རྫ་དུག་འགོག་བཅོས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་ནས་མཐོ་སྒང་དུ་བདེ་ཐང་འཚོ་སྐྱོང་གི་སྲུང་ཡོལ་བརྟན་པོ་བསྐྲུན།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡༠

རྫ་དུག་གི་རྐྱེན་པས་འགྲོ་སྐྱོད་ལ་འགོག་རྐྱེན་བཟོས་པའི་བདེ་འཇགས་ལས་འཛོལ་སྣ་ཚོགས་འབྱུང་བ་གཏན་འགོག་བྱས་ཏེ། མཐོ་སྒང་དུ་བདེ་ཐང་ངང་འཚོ་སྐྱོང་བྱེད་པ་དང་མཁོ་བསྟུན་ཐག་གཅོད་ཤེས་བྱ་ཁྱབ་གདལ་གཏོང་ཆེད། ཉེ་ཆར་རྐྱང་ཚ་ཡུལ་ཚོའི་འཕྲོད་བསྟེན་ཁང་གིས་སྨན་པ་སྒྲིག་འཛུགས་བྱས་ནས་ལུང་ཅང་རྣམ་གྲངས་སྡེ་ཁག་གི་དོ་དམ་མི་སྣ་ཡོངས་ལ་རྫ་དུག་འགོག་བཅོས་ཀྱི་ཤེས་བྱ་སྒྲོག་པའི་བྱེད་སྒོ་སྤེལ། ཕྱོགས་ཡོངས་ནས་མཐོ་སྒང་གི་བདེ་ཐང་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་བཏང་ནས་མཐོ་སྒང་ས་ཁུལ་དུ་འགྲོ་སྐྱོད་བྱེད་པའི་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན།

སྒྲོག་འགྲེལ་བྱེད་སྒོ་དེར་རྫ་དུག་འགོག་བཅོས་ཀྱི་གཙོ་གནད་དང་ས་གནས་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ནས། གོ་བདེ་བའི་སྒོ་ནས་རྫ་དུག་འབྱུང་རྐྱེན་དང་ཐོག་མའི་ནད་རྟགས། ཉིན་རྒྱུན་འཚོ་བའི་ཁྲོད་འགོག་བཅོས་བྱེད་ཐབས། ཚན་མཐུན་སྟབས་བདེའི་སྨན་བཅོས། འཕྲལ་བྱུང་གནས་ཚུལ་ཐག་གཅོད་སྟངས་སོགས་གསལ་བཤད་བྱས། མཐོ་སྒང་གི་འཚོ་བ་དང་འགྲོ་སྐྱོད་བདེ་འཇགས། ལུས་ཕུང་སྙོམ་སྒྲིག་སོགས་ཀྱི་དོགས་གཞིར་འགྲེལ་ལན་བཏབ། སྦྱོང་བརྡར་ནང་ཞུགས་མཁན་ཡོངས་ལ་མཐོ་སྒང་ས་ཁུལ་གྱི་བདེ་ཐང་འཕྲོད་བསྟེན་ཤེས་བྱ་ནང་བྱན་ཆུད་པར་བྱས་ཏེ། རང་ངོས་སྐྱོབ་བཅོས་ཀྱི་འདུ་ཤེས་དང་མཁོ་བསྟུན་རང་སྐྱོབ་ནུས་པ་ཆེ་རུ་བཏང་། བྱེད་སྒོ་དེར་བསྡོམས་པས་ལས་གཉེར་བ་30སློབ་སྦྱོང་ལ་ཞུགས།