ནག་ཆུའི་ཞིང་འབྲོག་མང་ཚོགས་ཀྱིས་པེ་ཅིང་དུ་ལྟ་སྐོར་བྱས་པ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་། འབབ་འཕར་ཕྱུག་འགྱུར་རྩལ་ནུས། འཕེལ་རྒྱས་ཀྱི་མཐོང་རྒྱ་བཅས་ཆེ་རུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ས་བབ་མཐོ་བའི་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། མཉམ་ལས་ཁང་གི་རྐང་འཛིན་པ། ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ། དེ་བཞིན་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་འདོད་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་ཆེད་དོན་གསོ་སྦྱོང་སྤེལ་རེས་བྱེད་པར་བསྐྱོད།

སྣེ་ཤན་པས་ཅིང་ཏུང་ལས་སྒོའི་དཔེ་རིས་ངོ་སྤྲོད་བྱེད་བཞིན་པ།
ཟླ6པའི་ཚེས2ཉིན། ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་པ་པེ་ཅིང་དུ་གསོ་སྦྱོང་སྤེལ་རེས་བྱེད་པར་བསྐྱོད་མཁན་གྱི་ཚོགས་པ་པེ་ཅིང་དབྱི་ཀྲོང་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་ཅིང་ཏུང་ཚོགས་པའི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་པུའུ་པེ་ཅིང་གླིང་ཁུལ་དུ་ལྟ་སྐོར་ལ་ཡོང་། ཅིང་ཏུང་ཚོགས་པ་ནི1998ལོར་བཙུགས་པའི་ཀྲུང་གོའི་སྔོན་ཐོན་གྱི་རང་གཉེར་རྣམ་པའི་གློག་རྡུལ་ཚོང་དོན་ཁེ་ལས་ཤིག་ཡིན་ཞིང་། དེའི་ཁོངས་སུ་ཅིང་ཏུང་སིལ་ཚོང་དང་། ཅིང་ཏུང་ཟོག་འགྲེམས། ཅིང་ཏུང་ཚན་རྩལ། ཅིང་ཏུང་བདེ་ཐང་སོགས་ལྟེ་བའི་ཁེ་ལས་ཚུད་ཡོད། 2025ལོར《རྒྱུ་ནོར》འཛམ་གླིང་གི་ཁེ་ལས་སྟོབས་ཆེན500ཡི་ཨང44སླེབས་པ་དང་། 2025ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500ཡི་ཨང་དང་པོར་སླེབས་ཡོད།

སྣེ་ཤན་པས་ཅིང་ཏུང་ཐོན་ལས་གླིང་གི་ཆགས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ལྟ་སྐོར་སློབ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་སྤེལ་རེས་ཚོགས་པའི་ཁོངས་མི་ཚོས་བརྙན་ཐུང་དང་ཐད་གཏོང་ནི་ཕྱིར་ཚོང་གི་ཐབས་ཤིག་ཡིན་པ་མ་ཟད། གྲོང་གསེབ་ཀྱི་རྣམ་པ་མངོན་པ་དང་གྲོང་གསེབ་ཀྱི་རིག་གནས་བརྒྱུད་བསྒྲགས་བྱེད་ས་ཞིག་ཀྱང་ཡིན་པ་ཤེས་རྟོགས་བྱུང་ཡོད། ཁོང་ཚོས་ཞིང་ལས་འཚོ་བ་ཐོ་འགོད་དང་ཐོན་རྫས་ཀྱི་འབྱུང་རྐྱེན་བརྗོད་པ་བརྒྱུད་འཛད་སྤྱོད་པ་དང་ཐོན་སྐྱེད་པའི་དབར་དུང་སེམས་མཉམ་སྐྱེ་ཡོང་བ་བྱས་ནས་ཐོན་རྫས་འཚོང་བ་ནས་འཚོ་བ་སྐྱེལ་སྟངས་མཉམ་སྤྱོད་བྱེད་པའི་འགྱུར་ལྡོག་མངོན་འགྱུར་བྱ་ཐུབ།

གསོ་སྦྱོང་སྤེལ་རེས་ཚོགས་པའི་ཁོངས་མིས་ཅིང་ཏུང་ཚོགས་པར་ལྟ་སྐོར་བྱེད་བཞིན་པ།

གསོ་སྦྱོང་སྤེལ་རེས་ཚོགས་པའི་ཁོངས་མིས་མཉམ་པར་རྒྱག་པ།
