མཛོད་དགེ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་བྱིས་པར་འཚམས་འདྲིའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༦ ཚེས་ ༡

“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྔ་བ་ཁུལ་དམངས་ཚོགས་ལས་ཀ“སེ་འབྲུའི”ལས་གཞི་དོན་འཁྱོལ་དང་དབང་པོ་སྐྱོན་ཅན་བྱིས་པ་ལ་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་གཅེས་སེམས་ཚོར་དུ་འཇུག་ཆེད། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་གྲོང་ཁག་ཏུ་དབང་པོ་སྐྱོན་ཅན་བྱིས་པ་རྣམས་ལ་འཚམས་འདྲི་བྱས་ནས་དུས་ཆེན་གྱི་ལེགས་སྐྱེས་ཕུལ།

བྱེད་སྒོ་དེར་མངའ་ཁུལ་གྱི་དབང་པོ་སྐྱོན་ཅན་བྱིས་པ་10ལ་འཚམས་འདྲི་བྱས་པ་དང་། བྱིས་པའི་ཁྱིམ་བདག་ལ་ཁ་བརྡ་སློབ་སྟོན་གནང་ནས་བྱིས་པའི་ལུས་ཕུང་བདེ་ཐང་དང་ཉིན་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཞིབ་འཕྲི་བྱས། བྱིས་པའི་ལུས་ཁམས་གསོ་བའི་གནས་ཚུལ་དང་འཚོ་བའི་འགན་སྲུང་། སློབ་ཞུགས་ལས་གཏོད་སོགས་ཀྱི་དཀའ་ངལ་ལ་རྒྱུས་ལོན་བྱས། རྗེས་སོའི་གནད་སྨིན་རོགས་སྐྱོར་དང་སྲིད་ཇུས་དོན་གཉེར་ལ་གཞི་འཛིན་ས་མཁོ་འདོན་བྱས།

འཚམས་འདྲི་གནང་སྐབས་བྱིས་པ་རྣམས་ལ་སྤོ་ལོ་སོགས་རིག་ནུས་ལ་ཕན་པའི་དུས་ཆེན་གྱི་ལེགས་སྐྱེས་ཕུལ་བ་དང་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས། བྱིས་པ་རྣམས་ལ་སྤྲོ་སྣང་ཆེན་པོ་དང་བློ་སྤོབས་ཆེན་པོས་འཚོ་བའི་འགྲན་སློང་ལ་རྒོལ་བཞིན་བདེ་ཐང་ངང་འཚོར་ལོངས་ཡོང་དགོས་པའི་སློབ་སྟོན་གནང་། དེ་མིན་ཁྱིམ་བདག་རྣམས་ལ་དབང་པོ་སྐྱོན་ཅན་ཁམས་གསོ་རོགས་སྐྱོབ་དང་སློབ་གསོའི་གསབ་དངུལ། འཚོ་བའི་འགན་སྲུང་སོགས་དམངས་ཕན་སྲིད་ཇུས་སྒྲོལ་འགྲེལ་བྱས། དབང་པོ་སྐྱོན་ཅན་གྱི་བྱིས་པའི་ཁྱིམ་ཚང་ལ་སྲིད་ཇུས་གསལ་རྟོགས་སྒོས་ཁྱིམ་ཚང་གི་འཚོ་བའི་ཁུར་པོ་ཇེ་ཡང་དང་ཁམས་གསོའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པར་འགན་སྲུང་བྱས།

འཚམས་འདྲིའི་བྱེད་སྒོ་དེར་དབང་པོ་སྐྱོན་ཅན་བྱིས་པར་དུས་ཆེན་ལ་རྟེན་འབྲེལ་ཞུས་པར་མ་ཟད། མང་ཚོགས་ལ་རྩ་འཛུགས་ཀྱི་དྲོད་སྐྱིད་ཚོར་དུ་བཅུག་ནས་ཕན་ཚུན་གྱི་འབྲེལ་ཐག་ཇེ་ཉེར་བཏང་།