ཕྱི་རྒྱལ་བས་བོད་ལྗོངས་ཀྱི་ལོ་ངོ75ཡི་འཕོ་འགྱུར་གླེང་བ།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༩

1951ལོའི་ཟླ5པའི་ཚེས23ཉིན《བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་བར་གྱི་གྲོས་མཐུན》པེ་ཅིང་ཀྲུང་ནན་ཧའེ་རུ་མིང་རྟགས་བཀོད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས། ཉིན13གྱི་རྗེས་སུ་སྐྲ་སེར་མིག་ལྗང་གི་ཕྲུ་གུ་དམར་འབྱར་ཞིག་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་ཁྱིམ་མིའི་ནང་དུ་སྐྱེས། ཁོང་ནི་ཁོ་མ་ཁའེ(Michael Crook)ཡིན་པ་དང་། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཁོ་ལུའུ་ཁེ་དང་དབྱི་ཧྲ་པའེ་ཡི་བུ་དང་པེ་ཅིང་ཅིང་ཞི་སློབ་གྲྭའི་མཉམ་འབྲེལ་གསར་འཛུགས་པ་ཡིན།

ལོ75སོང་རྗེས་ཀྱི་ཟླ5པའི་ཚེས23ཉིན། “པེ་ཅིང་སྐད”དང“དར་དམར་འོག་ཏུ་འཚར་ལོངས་བྱུང་བའི”དབྱིན་ཇིའི་གྲོགས་པོ་དེས་ང་ཚོར་ཁྱིམ་རྒྱུད་མི་རབས་གསུམ་ལས་བརྒལ་བའི་དངོས་མྱོང་གཏམ་རྒྱུད་ཤིག་བརྗོད་པ་དང་ཁོང་མིག་ནང་གི་བོད་ལྗོངས་ཀྱི་འགྱུར་ལྡོག་ཆེན་པོར་ཕྱིར་མིག་བལྟས་པ་རེད། ཁོང་གིས“ང་ཚོའི་ཁྱིམ་ཚང་གི་མི་རབས་གསུམ་ཚང་མ་བོད་མི་དང་ལས་དབང་ཟབ་མོ་ཡོད། ངའི་མི་རབས་འདིར་སླེབས་སྐབས་བོད་ལྗོངས་ཀྱི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དངོས་སུ་མཐོང་བྱུང”ཞེས་བཤད།

པེ་ཅིང་ཅིང་ཞི་སློབ་གྲྭའི་མཉམ་འབྲེལ་གསར་འཛུགས་པ་ཁོ་མ་ཁའེ2004ལོར་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ།

མི་རབས་གསུམ་གྱི་དུས་དང་བར་སྟོང་ལས་བརྒལ་བའི་གླེང་མོལ།

ཁོ་མ་ཁའེ་དང་མཚོ་བོད་མཐོ་སྒང་གི་ལས་དབང་ནི་ཁོང་མ་སྐྱེས་གོང་ནས་གཏན་འཁེལ་བྱས་ཡོད།

དུས་རབས20པའི་ལོ་རབས30པར། ཁོང་གི་སྤོ་བོ་རའོ་ཧོ་མེ་ཧྭ་ཞི་ཞེ་ཧོ་སློབ་ཆེན་སློབ་གསོ་ཚན་ཁག་གི་ཀྲུའུ་རེན་ཡིན་པས་སི་ཁྲོན་གྱི་བོད་འབྲེལ་ཁུལ་རྫོང་དུ་ཐེངས་དང་པོ་བསྐྱོད། དེས་ཁྱིམ་རྒྱུད་དེ་དང་བོད་རིགས་མི་སེར་དབར་མཛའ་བརྩེ་ཟབ་མོ་ཆགས་ཡོད་ལ་དུས་རབས་རྙིང་པའི་བོད་རིགས་མི་སེར་གྱི་དཀའ་སྡུག་ལ་ཁོང་ཚོར་ཐད་མཐོང་གི་ངོས་འཛིན་ཡང་བྱུང་ཡོད།

ཁོ་མ་ཁའེ་ཡིས“ཁོང་ཚོས་ཧ་ཅང་ལྟ་ན་སྡུག་པའི་ཡུལ་ལྗོངས་མཐོང་བྱུང་ལ་ས་གནས་དེ་གའི་མི་སེར་ཚོས་དཀའ་སྡུག་ཆེན་པོ་མྱོང་ཡོད་པའང་མཐོང་བྱུང་། སྐབས་དེ་དུས་མི་རེའི་ཆ་སྙོམས་ཚེ་ཚད་ཧ་ཅང་དམའ་བ་དང་ནད་གཞི་ཆུང་ངུ་ཞིག་ཕོག་ཚེ་ཤི་ལ་ཁད་དུ་གྱུར། སློབ་གསོ་ནི་ཕུལ་བྱུང་མི་སྣ་ཉུང་ཤས་ཤིག་ལ་མ་གཏོགས་མི་དམང་བ་དང་མི་མང་ཆེ་བར་ཆུང་དུས་ནས་དཔེ་ཀློག་དང་ཡི་གེ་འབྲི་བའི་གོ་སྐབས་མེད”ཅེས་དང་། “ངའི་སྤོ་བོ་ནི་སློབ་གསོ་གཉེར་མཁན་ཞིག་རེད། ཁོང་གིས་སྐབས་དེ་དུས་སློབ་མ་ཚོ་བོད་རིགས་གྲོང་ཚོ་རུ་སློབ་ཁྲིད་དང་ཚོད་ལྟ་བྱེད་པར་མངགས་ཀྱང་གྲོང་ཚོ་ཡོངས་སུ་སློབ་གྲྭར་འགྲོ་ཐུབ་པའི་བུ་ཁ་ཤས་ལས་མེད་པ་ལས་བུ་མོ་གཅིག་ཀྱང་མེད”ཅེས་བཤད།

1938ལོར་ཁོ་མ་ཁའེ་ཡི་ཨ་མ་དང་མིའི་རིགས་རིག་པ་མཁས་ཅན་དབྱི་ཧྲ་པའེ་ལགས་བོད་རིགས་ཀྱི་གྲོང་ཚོ་ཞིག་ཏུ་ཞིང་ཐང་བརྟག་དཔྱད་བྱེད་པར་ཡོང་། “ངའི་ཕ་མ་གཉིས་ཀྱིས་དུས་རབས20པའི་ལོ་རབས30པའི་དུས་མཇུག་དང་ལོ་རབས40པའི་དུས་འགོར་བཅར་འདྲི་བྱེད་སྐབས་ཐོག་མའི་འགྱུར་ལྡོག་ཕྲན་བུ་བྱུང་བའི་གནས་ཚུལ་མཐོང་ཡང་གཞི་རྩའི་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད། སྨན་བཅོས་སྒྲིག་གཞི་ཧ་ལམ་མེད་པ་དང་སློབ་གྲྭ་ཧ་ཅང་ཉུང་ཉུང་རེད། མི་དཀྱུས་མ་རྣམས་སྔར་བཞིན་དུས་ཡུན་ཐུང་ཐུང་ཞིག་ལས་འཚོ་བ་སྐྱེལ་ཐུབ་ཀྱི་མེད་པ་དང་ནད་གཞི་དང་ངལ་རྩོལ་ལྗིད་མོའི་མནར་གཅོད་ཕོག་ནས་ངལ་དུབ་ཆེན་པོ་བྱུང་ཡོད”ཅེས་ཁོ་མ་ཁའེ་ཡིས་བཤད།

དུས་རབས20པའི་ལོ་རབས70པར་ཁོ་ལུའུ་ཁེ་དང་དབྱི་ཧྲ་པའེ་བཟའ་ཚོ་གཉིས་ཀྱིས་སི་ཁྲོན་གྱི་བོད་འབྲེལ་ཁུལ་རྫོང་དུ་ཡོད་པ།

སི་ཁྲོན་གྱི་བོད་འབྲེལ་ཁུལ་རྫོང་དུ་མཐོང་ཐོས་བྱུང་བ་དེས་ཁོ་མ་ཁའེ་ནང་མི་ཚོས་བོད་རིགས་མི་སེར་གྱི་ལས་དབང་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་བྱེད་ཀྱི་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་དེས་ཁོང་ཚོར་སྐུལ་ལྕག་ཆེན་པོ་ཐེབས། ལོ་དེར་ཁོ་མ་ཁའེ་ཡི་ནང་མི་ཚང་མ་སླར་ཡང་སི་ཁྲོན་གྱི་བོད་རིགས་གྲོང་ཚོ་དེར་འཚམས་འདྲི་བྱས།

“དུས་རབས20པའི་ལོ་རབས30པར། ངའི་སྤོ་བོ་དང་རྨོ་བོ་དང་ཨ་མ་བཅས་ཀོན་རྫོང་ནས་ཐོན་ཏེ་གདོང་སྣ་གཙང་པོ་དང་ཙ་ཀུའུ་ནའོ་ཆུ་བོ་བརྒྱུད་དེ་ཉིན་གསུམ་ལམ་དུ་བསྐྱོད་དགོས་མོད། འོན་ཀྱང་ད་ཐེངས་ང་ཚོ་རླངས་འཁོར་ལ་བསྡད་ནས་གཞུང་ལམ་ཡག་པོ་ཞིག་བརྒྱུད་དེ་ཆུ་ཚོད་ཁ་ཤས་ལས་མ་འགོར་བར་འབྱོར་སོང་། གྲོང་རྡལ་དུ་གློག་དང་སློབ་ཆུང་ཡོད་པ་མ་ཟད། བུ་དང་བུ་མོ་ཚང་མ་སློབ་གྲྭར་འགྲོ་འདུག”

སི་ཁྲོན་གྱི་བོད་འབྲེལ་ཁུལ་རྫོང་དུ་བྱུང་བའི་འགྱུར་ལྡོག་དེ་དག་ལས་ཁོ་མ་ཁའེ་ཡི་ནང་མི་ཚང་མས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དུས་རབས20པའི་ལོ་རབས80པར་སླེབས་སྐབས་ཁོ་མ་ཁའེ་ཡི་ཕ་མ་གཉིས་བོད་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གཏིང་ཟབ་བྱེད་པར་བསྐྱོད་པ་དང་། དུས་དེ་ནས་བཟུང“ང་རང་ཉིད་ལའང་བོད་ལྗོངས་སུ་ཐེངས་མང་སྐྱོད་པའི་གོ་སྐབས་བྱུང་། འཚམས་འདྲི་བྱེད་རིང་རང་ཉིད་ཧང་སངས་དགོས་པའི་འགྱུར་ལྡོག་གཏིང་ཟབ་ཅིག་དངོས་སུ་མཐོང་བྱུང”ཞེས་ཁོ་མ་ཁའེ་ཡིས་བཤད།图片

ཁོ་མ་ཁའེ་ཡིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་བྱེད་པ།

མི་དཀྱུས་མའི་གདོང་ལས་བདེ་སྐྱིད་ཀྱི་འཛུམས་མདངས་མངོན།

ཁོ་མ་ཁའེ་ཡིས་བལྟས་ན། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ75སོང་རིང་གི་འཕེལ་རྒྱས་གྲུབ་འབྲས་དེGDPདང་ཐོག་བརྩེགས་ཁང་ཆེན་ཁོ་ནར་བརྟེན་ནས་བསྡུར་ཞིབ་བྱེད་མི་རུང་། “རྨང་གཞིའི་སྒྲིག་བཀོད་ནི་བྱ་ཐབས་ཙམ་རེད། ཚད་གཞི་ངོ་མ་ནི་ཕྲུ་གུ་ཞིག་གིས་དཔེ་ཆ་ཀློག་ཤེས་པ་དང་། ཨ་མ་ཞིག་གིས་ཕྲུ་གུ་བདེ་འཇགས་ངང་སྐྱེ་བ། སྤོ་བོ་ཞིག་གིས་རང་ཉིད་ཀྱི་བདུན་ཅུ་ལོའི་འཁྲུངས་སྐར་ལ་བདེ་ཐང་ངང་རྟེན་འབྲེལ་ཞུ་བ། ན་གཞོན་ཞབས་བྲོ་བ་ཞིག་གིས་དགའ་སྤྲོའི་ངང་ནས་མེས་པོས་རྒྱུན་འཛིན་བྱས་པའི་ཞབས་བྲོ་འཁྲབ་པ་བཅས་རེད”

ལོ75རིང་གི་ཆེས་གཏིང་ཟབ་པའི་འགྱུར་ལྡོག་དེ་དང་ཐོག་མི་དཀྱུས་མ་ཚང་མའི་ཚེ་སྲོག་ནང་བྲིས་ཡོད། ཁོ་མ་ཁའེ་ཡིས་ཕ་མ་གཉིས་ཀྱིས་དེ་སྔ་འཚམས་འདྲི་བྱེད་སྐབས་མཐོང་བ་ནི་སྨན་བཅོས་བྱེད་ས་མེད་པའི་སྡུག་བསྔལ་ཡིན། ད་ཆ་ང་རང་བོད་ལྗོངས་སུ་སྐྱོད་སྐབས་དེང་རབས་ཅན་གྱི་སྨན་ཁང་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཆེད་ལས་སྨན་དོན་མི་སྣ་བཅས་རྫོང་དང་ཞང་གྲོང་ཚང་མར་ཁྱབ་ཡོད་པ་མཐོང་བྱུང་། རིམས་འགོག་སྨན་ཁབ་རྒྱག་པ་དང་། སྦྲུམ་མའི་འཕྲོད་སྦྱོར། གཅོང་ནད་དོ་དམ་བཅས་དེ་སྔ་སྒྲུབ་ཐབས་བྲལ་བའི་སྨན་བཅོས་ཞབས་ཞུ་དེ་དག་ད་ཆ་རྒྱུན་གཏན་ཞིག་ཏུ་གྱུར་ཡོད།

“བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་སྟེ། དུས་རབས20པའི་ལོ་རབས50པའི་ལོ35ལྷག་ཙམ་ནས་ད་ཆ་ལོ72ལྷག་ཙམ་ལ་སླེབས་པ་དེ་ནི་གྲངས་ཀ་ཙམ་མ་ཡིན། དེ་ཐོག་ནས་རྨོ་བོ་ཞིག་གིས་རང་ཉིད་ཀྱི་ཚ་བོ་འཚར་ལོངས་བྱུང་བ་མཐོང་ཐུབ་པ་དང་། ཕ་ཞིག་གིས་རང་ཉིད་ཀྱི་བུ་མོ་སྨན་པ་ཞིག་ཏུ་འགྱུར་བ་མཐོང་ཐུབ་པ་མཚོན་གྱི་ཡོད། དེ་ནི་སྤྱི་ཚོགས་གང་ཞིག་ཡིན་རུང་མངོན་འགྱུར་ཐུབ་པའི་འགྱུར་ལྡོག་གཏིང་ཟབ་ཤོས་ཤིག་རེད”

བདེ་ཐང་དང་ཆབས་ཅིག་སློབ་གསོ་ཁྱབ་གདལ་གཏོང་བ། སྔོན་ཆད་མི་ཚེ་གང་བོར་ནོར་གཡག་འཚོ་བ་ལས་དཔེ་ཆ་ཀློག་རྒྱུ་དང་ཡི་གེ་སྦྱོང་བའི་གོ་སྐབས་མེད་པའི་ཕྲུ་གུ་ཚོ་ད་ཆ་བཟོ་སྐྲུན་དགེ་རྒན་དང་། དགེ་རྒན། སྨན་གཡོག་བཅས་སུ་འགྱུར་ཡོད། སློབ་གསོས་དབུལ་ཕོངས་ཀྱི་འཁོར་རྒྱུག་མེད་པ་བཟོས་ནས“བོད་ལྗོངས་ཀྱི་མི་དམངས་ལ་རང་ཉིད་ཀྱི་འབྱུང་འགྱུར་གཏོད་པའི་ནུས་པ་སྦྱིན་ཡོད”

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཞང་གནས་གྲོང་ཚོའི་འཁེལ་འཐག་ཁང་ནང་ཡུལ་མིས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱེད་པ།

དྲོད་ཚད་ལྡན་པའི་འཕེལ་རྒྱས་དང་གསོན་ཉམས་ལྡན་པའི་རྒྱུན་འཛིན།

གྲངས་གཞི་ལས་ཀྱང་ཁོང་ལ་བག་ཆགས་ཟབ་མོ་བཞག་པ་ནི་ས་གཞི་དེའི་འཕེལ་རྒྱས་ཀྱི་དྲོད་ཚད་དེ་རེད།

“འཛམ་གླིང་གི་ས་ཆ་མང་པོ་ཞིག་ཏུ་གཞུང་ལམ་གསར་པས་ཐགས་དབྱིབས་གསར་སྤེལ་བྱེད་པ་སྟེ། གོ་རིམ་མེད་པ་དང་། ས་ཆར་གཏོར་བཤིག་གཏོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁུལ་བཅད་པ་བཅས་བྱེད་ཀྱི་ཡོད། འོན་ཀྱང་བོད་ལྗོངས་སུ་ཟམ་པ་དང་ཕུག་ལམ་བརྒྱུད་དེ་གཞུང་ལམ་དང་ལྕགས་ལམ་ས་ངོས་ཀྱི་སྟེང་ངམ་འོག་ནས་བརྒྱུད་ཐུབ་པས་རྩྭ་ཐང་ཆ་ཚང་ཉར་ཚགས་ཐུབ་ཀྱི་ཡོད། གཙོད་དང་། འབྲོང་། རྐྱང་སོགས་སྔར་བཞིན་གནའ་བོའི་གནས་སྤོའི་ལམ་བུའི་ཐོག་རང་མོས་ངང་རྒྱུགས་ཐུབ་པ་དང་། རྨང་གཞིའི་སྒྲིག་བཀོད་ཡར་རྒྱས་འགྲོ་བ་དེས་ས་གཞི་བློས་གཏོང་གི་རིན་དོད་ཅིག་མིན”

བོད་ལྗོངས་མངའ་རིས་ས་ཁུལ་གྱི་མ་གཡང་ཟམ་པའི་ཉེ་འགྲམ་དུ་གཙོད་གནས་སྤོ་བྱེད་བཞིན་པ།

ཁོ་མ་ཁའེ་ཡི་སེམས་ལ་སེམས་འགུལ་ཆེ་ཤོས་ཐེབས་པ་ནི་བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་བྱུང་བའི་དབང་གིས་སྐྱེ་སྟོབས་གསར་པ་འཕེལ་བ་དེ་རེད།

“བོད་སྐད་ལ་སྲུང་སྐྱོབ་ཐོབ་པ་མ་ཟད། སློབ་ཁྲིད་ཧུར་ཐག་བྱས་པ་ངས་དངོས་སུ་མཐོང་བྱུང་། སློབ་ཚན་ཐོག་ཕྲུ་གུ་ཚོས་བོད་སྐད་དང་རྒྱ་སྐད་སྤྱི་སྐད་ཀྱི་སློབ་ཁྲིད་དུས་གཅིག་ཏུ་དང་ལེན་བྱེད་ཀྱི་འདུག དེའི་འབྲས་བུར་ད་ཆ་བོད་རིགས་སྤུན་ཟླ་མང་ཆེ་བས་སྐད་གཉིས་བཤད་ཤེས་པ་དང་ཁོང་ཚོའི་ཕ་སྐད་དང་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དབར་རང་མོས་ངང་བརྗེ་རེས་བྱེད་ཐུབ་ཀྱི་ཡོད། ཁོང་ཚོར་རང་ཉིད་ཀྱི་ཐོབ་ཐང་གི་ངོས་འཛིན་གཅིག་མཐུན་མེད་པར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཐོག་སྐད་རིགས་གཞན་ཞིག་ཐོབ་ཡོད”

ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁག་གཅིག་གིས་ཀྲུང་གོས་བོད་ལྗོངས་སུ“རིག་གནས་རྩ་མེད་དུ་བཏང་བའི”རྫུན་གཏམ་ལ་དམའ་འབེབས་བྱས་པར་དམིགས་ནས། ཁོ་མ་ཁའེ་ཡིས“དེ་ནི་དོན་དངོས་གཏན་ནས་མིན། བོད་རིགས་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་ཤེལ་སྒམ་ནང་བཅུག་མྱོང་མེད། དེ་ནི་གསོན་ཉམས་དར་ཞིང་དབྱར་མཚོ་རྒྱས་པ་ཞིག་ཡིན་པ་དང་། སྤོབས་པ་དང་གསོན་ཤུགས་ལྡན་པའི་སྒོ་ནས་མི་རབས་ནས་མི་རབས་བར་རྒན་རབས་ཀྱི་ལག་ནས་གཞོན་ནུ་ཚོར་བརྒྱུད་སྤྲོད་བྱེད་བཞིན་ཡོད”ཅེས་བློ་བརྟན་འགྱུར་མེད་ངང་སུན་འབྱིན་བྱས།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཞང་སློབ་ཆུང་གིས་བཙུགས་པའི་བོད་ཡིག་ཡིག་གཟུགས་སློབ་ཚན།

“དེར་བརྟེན་ཚེ་ཐག་རིང་བ་དང་། བདེ་ཐང་། སློབ་གསོ་ཐོབ་པའི་མི་ཚེ། རང་བྱུང་གི་རྨང་གཞིའི་སྒྲིག་བཀོད་ལ་བརྩི་འཇོག་བྱེད་པ་བཅས་ལ་སྲུང་སྐྱོང་ཐོབ་པ་མ་ཟད། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྲོལ་རྒྱུན་རིག་གནས་བཅས་དོན་གསུམ་ནི་ལོ་ངོ་དོན་ལྔའི་རིང་གི་གྲུབ་འབྲས་གཏིང་ཟབ་ཤོས་དང་དོན་དངོས་ཆེ་ཤོས་ཤིག་རེད”

ཁོ་མ་ཁའེ་ཡིས“དེར་བརྟེན་དེ་རིང་ང་ཚོས་རླབས་ཆེན་གྱི་གྲུབ་འབྲས་དེར་གུས་འདུད་ཞུ་དགོས། ང་ཚོས་མི་རིགས་དེར་རྟེན་འབྲེལ་ཞུ་དགོས། ཁོང་ཚོ་སྔ་ས་ནས་དུས་ཐུང་གི་ཚེ་སྲོག་དང་སྒོ་མོ་བཀག་པའི་འཆིང་རྒྱ་ལས་ཐར་ཏེ་མི་རིགས་ཀྱི་རྩ་གཞིར་ལྷག་བསམ་རྣམ་དག་གིས་སྤོབས་པ་སྐྱེད་པ་དང་བདེ་ཐང་ངར་ཤུགས་ཆེར་སྐྱེད་དང་རེ་བས་ཁེངས་པའི་སྒོ་ནས་རྗེས་མའི་ལོ་བདུན་ཅུ་དོན་ལྔའི་ཕྱོགས་སུ་བསྐྱོད་རྒྱུ་རེད”ཅེས་བཤད།