བདེ་འཇགས་ལ་ཞིབ་བཤེར་བྱས་ནས་རྐྱེན་ངན་གཙང་སེལ་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༨

འཛུགས་སྐྲུན་ཨར་ལས་ཀྱི་བདེ་འཇགས་མཐའ་ཐིག་ནན་སྲུང་དང་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་མི་འབྱུང་ཆེད། ཉེ་ཆར། མཛོད་དགེ་རྫོང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས“བཞི་མིན་ཐད་གཉིས་དང་ཡུལ་དངོས་ཞིབ་བཤེར། དཔྱད་ཡིག་ལྟ་ཀློག”བཅས་ཟུང་དུ་སྦྲེལ་བཞིན་རྫོང་ཡོངས་ཀྱི་འཛུགས་སྐྲུན་ཨར་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཆེད་དོན་ཞིབ་བཤེར་བྱས་ནས་ཨར་ལས་ཀྱི་བདེ་འཇགས་སྲུང་ཐིག་བརྟན་པོ་བསྐྲུན།

ཞིབ་བཤེར་བྱ་འགུལ་དེར་མཐོ་རིམ་སྐུལ་འདེད་དང་སྤྱི་འདོམས་བཀོད་སྒྲིག་མཐའ་འཁྱོངས་བྱས་ནས་མངའ་ཁུལ་གྱི་འཛུགས་སྐྲུན་ལས་གཞི་22ལ་རིམ་བཤེར་བྱས། བྱ་འགུལ་དེ་ཨར་སྐྲུན་ལས་ཁུངས་22དང་ལྟ་སྐུལ་ལས་ཁུངས་22། ལས་བཟོ་པ200ལྷག་ལ་ཁྱབ། ཨར་ལས་ས་དོང་དང་འདེགས་ཀ །ལྗིད་འདེགས་འཕྲུལ་ཆས། གནས་སྐབས་གློག་སྤྱོད། མེ་འགོག་སྒྲིག་བཀོད། ཚད་བཀག་བར་སྟོང་ལས་སྒྲུབ་སོགས་ཉེན་ཁ་ཆེ་བའི་ལས་ལ་དམིགས་ནས་རྣམ་གྲངས་རེ་རེ་བཞིན་རིམ་བཤེར་བྱས། སྤུས་ཚད་བདེ་འཇགས་བཅོས་སྒྲིག་གི་བརྡ་ཡིག་5དང་ལས་མཚམས་བཞག་ནས་བཅོས་སྒྲིག་གི་བརྡ་ཡིག་3བསྒྲགས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་22དང་སྤུས་ཚད་ཀྱི་གནད་དོན་ཁག་3བཅོས་སྒྲིག་བྱས། རིམ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་མེད་རྐྱེན་ངན་ཐོ་ཡིག་དུ་བཀོད། དུས་བཅད་ལྟར་བཅོས་སྒྲིག་དང་ཁ་ཟིམ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ནས་འགོག་རྐྱེན་ཚང་མ་གཙང་སེལ་བྱས།

ཞིབ་བཤེར་བྱས་ཚུལ་ལ་བལྟས་ན། ཨར་ལས་ལས་ཁུངས་ཁག་གཅིག་གིས་བྱེད་པོའི་འགན་འཁྲི་ལེགས་འཁུར་མ་བྱས་པ་དང་ཡུལ་དངོས་ཀྱི་བདེ་སྲུང་ཐབས་ལམ་ཚད་ལྡན་མིན་པ། ལས་ཡུལ་དང་པོའི་ལས་གཉེར་བའི་བདེ་འཇགས་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་ཡོད། རྫོང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ལས་སྣེ་ཁྲིད་དེ་ཕྱོགས་ཁག་གི་བདེ་འཇགས་འགན་འཁྲི་ལེགས་འཁུར་གྱིས་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི“ཕྱིར་ལྟ”ལས་སྒོ་སྤེལ་ནས། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་སྤེལ་ཐེངས་ཇེ་མང་དུ་གཏོང་ངེས་པ་སྟེ། ཟླ་རེར་དུས་ངེས་མེད་ཀྱི་འཐེན་བཤེར་ཉུང་ན་ཐེངས་4སྤེལ་རྒྱུ་རེད། ལས་ཞུགས་མི་སྣའི་བདེ་འཇགས་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། ཨར་ལས་ལས་ཁུངས་ཀྱི་ཟླ་རེར་ལས་མི་ཡོངས་ལ་གསོ་སྦྱོང་སྒྲིག་འཛུགས་བྱེད་པར་སྐུལ་འདེད་བཏང་ནས་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།