བུ་མོ་ཚེ་རིང་མཚོ་མོས་ཨང་དང་པོ་བླངས་འདུག

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༦

༢༠༢༦ལོའི་ལན་ཀྲོའུ་མ་ར་སོན་རྒྱུག་འགྲན་དེ་ཟླ་༥པའི་ཚེས་༢༤ཉིན་གྱི་ཞོགས་པའི་ཆུ་ཚོད་༧པར་ལན་ཀྲོའུ་ཨོ་རྩལ་ལྟེ་གནས་སུ་འགོ་ཚུགས་ཡོད། བུད་མེད་ཚོ་ཆུང་གི་འགྲན་བསྡུར་ནང་ཕྱི་རྒྱལ་ནས་ཡིན་པའི་འགྲན་ཞུགས་པ་ཞིག་དང་ཐོག་ཚེ་རིང་མཚོ་མོའི་མདུན་དུ་རྒྱུགས་རུང་། མཐར་ཚེ་རིང་མཚོ་མོས་འགྲན་བསྡུར་གྱི་ཨང་དང་པོ་བླངས། མཐའ་མའི་འགྲན་བསྡུར་སྐབས་ཚེ་རིང་མཚོ་མོས་ཆུ་ཚོད་༢དང་སྐར་མ་༢༩སྐར་ཆ་༥༩ཐོག་འདེམ་སྒྲུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བུད་མེད་འགྲན་ལམ་གྱི་ཟིན་ཐོ་བཏོད་ཡོད་ལ། དངོས་གནས་སྐད་གྲགས་བཞག་འདུག