ཟུང་ཆུ་རྫོང་ཕ་མཐའ་ཡུལ་ཚོས་བྱེད་ཐབས་སྣ་མང་བཀོལ་ནས་བྲུག་འགོག་གི་བྱ་བ་བསྒྲུབས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༦

ཆར་ཆུ་མོད་པ་དང་ཆུ་བྲུག་དུས་ལ་སླེབས་པས། ཟུང་ཆུ་རྫོང་ཕ་མཐའ་ཡུལ་ཚོས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། མཁོ་བསྟུན་སྦྱོང་བརྡར། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་ཆེད་དུ་དམིགས་ནས་བྲུག་འགོག་གི་འགན་འཁྲི་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་སྔོན་འགོག་གི་ཐབས་ཤེས་སྣ་ཚོགས་དོན་ཐོག་ཏུ་ཕབ།

མངོན་མིན་རྐྱེན་ངལ་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན་གནས་ཚུལ་འདྲི། ཡུལ་ཚོ་དང་གྲོང་ཚོ་ཁག་གི་ལས་བྱེད་པ་རྣམས་དུས་ཚོད་ངེས་མེད་དུ་ས་གཤིས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད་པའི་གནས་སུ་སོང་ནས། ཡུལ་དངོས་ནས་ས་ཡི་གནས་ཚུལ་དང་འགྱུར་ལྡོག །ཉེན་སྟོན་མཚོན་རྟགས། ཆུ་འཕུད་པའི་གནས་ཚུལ་སོགས་ལ་བལྟས་ཏེ། ས་གཤིས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད་པའི་གནས་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས། དེ་དང་དུས་མཉམ་དུ་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་པའི་དོ་དམ་ལ་ཤུགས་བསྣན་ཏེ། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལ་ལྟ་སྐུལ་བཏང་། “ཤེས་རྟོགས—སྙན་ཞུ—ཐག་གཅོད”ཀྱི་སྦྲེལ་མཐུད་ལམ་ལུགས་བཙུགས་ཏེ། མངོན་མིན་རྐྱེན་ངན་སྔ་སེ་ནས་ཤེས་རྟོགས་ཐུབ་པ་དང་ཉེན་བརྡ་སྔ་སེ་ནས་གཏོང་ཐུབ་པ། ཐག་གཅོད་སྔ་སེ་ནས་བྱེད་ཐུབ་པར་འགན་ལེན་བྱས།

གནད་འགག་ཆེ་བའི་ལམ་དུམ་ལ། ཉིན་མཚན་མེད་པར་སྐོར་ཞིབ་བྱས། ཆུ་ཚོད་24ཡི་རིང་གི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། “ཉིན་མོ + མཚན་མོ”ཡི་འཁོར་སྐྱོད་སྐོར་ཞིབ་ཀྱི་བྱ་བ་བསྒྲུབས་ཤིང་། རྒྱལ་ལམ་ལམ་ཐིག་213སོགས་འགྲིམ་འགྲུལ་ལམ་ཐིག་གལ་ཆེན་དག་ལ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དུ་བཏང་བ་དང་། ལམ་འགྲམ་གཟར་ངོས་ཀྱི་བརྟན་ལྷིང་རང་བཞིན་དང་ལམ་ངོས་ཀྱི་གནས་ཚུལ་སོགས་ལ་གྲལ་བཤེར་ཞིབ་ཅིང་ཕྲ་བ་བྱས་ཏེ། རྡོ་ལྷུང་བ་དང་ལམ་འགྲམ་ཞིག་པ། རི་ཉིལ་བ་སོགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་ནན་མོ་བྱས་ནས་འགྲོ་འོང་གི་མི་དང་རླངས་འཁོར་གྱི་བདེ་འཇགས་ལ་འགན་ལེན་བྱས།

མཁོ་བསྟུན་གྲ་བསྒྲིགས་གང་ལེགས་བྱེད། དངོས་ཟོག་སྦྱོང་བརྡར་ཟུང་དུ་འབྲེལ། དངོས་ཟོག་དང་སྦྱོང་བརྡར་ཟུང་དུ་སྦྲེལ་བའི་ཐབས་གཉིས་མཉམ་སྤྱོད་ལ་བརྟེན་ཏེ། “བེད་སྤྱོད་མེད་ཀྱང་གྲ་བསྒྲིགས་གང་ལེགས་བྱེད། སྤྱོད་དགོས་བྱུང་ཚེ་གྲ་བསྒྲིགས་མེད་མི་རུང་བའི”བསམ་བློ་དང་ལག་ལེན་མཐའ་འཁྱོངས་ཀྱིས་མཁོ་བསྟུན་དངོས་ཟོག་གི་བསོགས་ཉར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ལས་ཁུངས་ཀྱི་ལས་བྱེད་པ་དང་། ལས་བྱེད་ཉེན་རྟོག་པ། སྨན་དོན་མི་སྣ། གྲོང་ཚོའི“ཨུ་ལྷན་གཉིས”། དྲྭ་རྟོག་པ། ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་པ། དེ་མིན་དང་བླངས་པ་སོགས་མི་50ལྷག་རྩ་འཛུགས་བྱས་ཏེ། 2026ལོ་ཡི་བྲུག་འགོག་གནོད་བསྙུང་དང་དེ་བཞིན་ཡོམ་འགོག་གི་ཕྱོགས་བསྡུས་མཁོ་བསྟུན་སྦྱོང་བརྡར་སྤེལ། མཁོ་བསྟུན་སྦྱོང་བརྡར་དུ་དུས་ཚོད་ཐུང་ངུར་ཆར་ཆུ་དྲགས་པོ་བབས་པ་དང་དེའི་ཁར་ས་ཡོམ་བྱུང་སྟེ། རི་ངོས་མར་ཞུད་པ་དང་འདམ་རུད་སོགས་གནོད་འཚེ་སྣ་ཚོགས་དུས་གཅིག་ཏུ་བྱུང་ཚུལ་འཁྲབ་ཅིང་། ཉེན་ཁའི་གནས་ཚུལ་ཤེས་འཕྲལ་ཉེན་བརྡ་གཏོང་བ་དང་། ཉེན་སེལ་རོགས་སྐྱོབ། མི་སྣ་གནས་སྤོར། དངོས་ཟོག་བཀོད་སྒྲིག །སྨན་བཅོས་མྱུར་སྐྱོབ། བདེ་འཇགས་དོ་དམ་ཚོད་འཛིན་སོགས་གནད་འགག་གི་གོ་རིམ་དག་ལ་དམིགས་ནས་འབྲེལ་ཐག་ཡོངས་ཀྱི་མཁོ་བསྟུན་ཐག་གཅོད་ཀྱི་ཐབས་ཇུས་ལག་བསྟར་བྱས། སྦྱོང་བརྡར་རྫོགས་པ་ན་དུས་ཐོག་ཏུ་བསྐྱར་བཤེར་བྱས་ཏེ། དངོས་ཟོག་བཀོད་སྒྲིག་དང་། གོ་རིམ་སྦྲེལ་མཐུད། མང་ཚོགས་ཀྱི་ཉེན་ཁར་གཡོལ་བའི་འདུ་ཤེས་སོགས་ད་རུང་མི་འདང་ས་དང་ཞན་པའི་གནས་ཚུལ་བྱུང་རིགས་ལ་དག་ཐེར་ལེགས་བཅོས་བྱས། དབྱེས་འཐོར་ལམ་ཐིག་དང་མཁོ་བསྟུན་སྔོན་ཇུས་ལེགས་སུ་བཏང་སྟེ། གཞོགས་འདེགས་རོགས་སྐྱོབ་དང་མང་ཚོགས་རྣམས་ཀྱི་རང་སྐྱོབ་དང་གཞན་སྐྱོབ་ཀྱི་ནུས་པ་གོང་མཐོར་བཏང་།

དྲིལ་བསྒྲགས་ཁྲིད་སྟོན་གལ་ཆེར་བཟུང་། སྐུད་སྟེང་སྐུད་འོག་གཉིས་པོར་བརྩོན། སྐུད་ཐོག་ནས་གྲོང་ཚོ་ཁག་གི་སྐད་འཕྲིན་ཚོགས་པ་བེད་སྤྱད་དེ། ཆུ་བྲུག་པའི་གནས་ཚུལ་གྱི་ཉེན་བརྡ་དང་ས་གཤིས་གནོད་འཚེ་སྔོན་འགོག །ཉེན་ཁར་གཡོལ་བ་སོགས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་བྱས། སྐུད་འོག་ནས་ཁྱིམ་ཚང་གི་ནང་དུ་སོང་ནས་ཁྱིམ་པ་རྣམས་ལ་ངོ་ཐུག་གདོང་འཕྲད་དང་གྲོང་མིའི་ཚོགས་ཆེན་འཚོགས་ནས་བྲུག་འགོག་ཉེན་གཡོལ་གྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་མང་ཚོགས་ལ་དོགས་ཟོན་གྱི་འདུ་ཤེས་དམའ་བ་དོར་ནས་རང་མོས་ངང་བྲུག་འགོག་གི་ལས་དོན་ལ་རམ་འདེགས་བྱེད་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་རྣམས་ཧུར་བརྩོན་ཆེན་པོས་བྲུག་འགོག་ནང་ཞུགས་པའི་རྣམ་པ་བཟང་པོ་བསྐྲུན།

མ་འོངས་པར་ཟུང་ཆུ་རྫོང་ཕ་མཐའ་ཡུལ་ཚོས་ཆར་འབབ་པའི་གནས་ཚུལ་དང་བཞུར་ཆུའི་གནས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་ཀྱིས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཤེས་ཇེ་ལེགས་སུ་བཏང་སྟེ། གྲ་བསྒྲིགས་ཡོངས་སུ་ཚགས་དམ་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་ངེས་སོ། །