མཛོད་དགེ་རྫོང་གིས“510(སྤྱོད་གཙང་སྐྱོང་)”སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༢

510(སྤྱོད་གཙང་སྐྱོང་)སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ལེགས་པོ་སྤེལ་ཆེད། མཛོད་དགེ་རྫོང་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་གྱིས“དོན་དག་ཡོད་ན་སྒྲིག་ཁྲིམས་ཞིབ་བཤེར་འཚོལ། ཐག་གཅོད་བྱ་བ་རྩ་འཛུགས་ཀྱིས་དོན་དུ་གཉེར”ཞེས“སྒོ་རྡུང་ནས་སེམས་ཁྲལ་སེལ་བའི”འགོ་ཁྲིད་ཀྱི་བཅར་འདྲི་ལས་སྒོ་སྤེལ། ཚོང་ལས་ཁྲོམ་གཞུང་དང་སྡེ་ཁུལ་དུ་བསྐྱོད་དེ་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ་དང་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ། སྤྱོད་གཙང་གི་རྨང་གཞི་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཀྱི་རྨང་གཞི་བརྟན་པོ་བཏིང་།

བྱེད་སྒོ་སྤེལ་ཡུལ་དུ་བཅར་འདྲི་སྣེ་ལེན་འགོ་ཁྲིད་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་དམངས་ཕན་བཅར་འདྲི་སྣེ་ལེན་སྟེགས་བུ་བཙུགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོ་འགན་ལེན་དང་སྲིད་ཇུས་དོན་འཁྱོལ། སྤྱོད་ཚུལ་ལེགས་སྐྱོང་། ལྟ་སྐུལ་ཐེར་འདོན་སྐོར་ནས་ངང་རྒྱུད་རིང་པོས་བཅར་འདྲི་ལ་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཡག་པོ་བྱས། རེ་འདུན་ལ་ཉན་བཞིན་གནད་དོན་ཡིག་ཐོ་རུ་བཀོད། བྱ་བ་ཚང་མར་ལན་སློག་བཞིན་ཐག་གཅོད་ཡག་པོ་བྱས། དེ་དང་ཆབས་ཅིག་ལས་དོན་མི་སྣས་འགྲོ་འོང་མང་ཚོགས་ལ་སྤྱོད་གཙང་རིག་གནས་དང་ཡིག་སྐུར་ངོ་གཏུག །ཐེར་འདོན་གོང་ཞུ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྲིད་ཇུས་སོགས་ཀྱི་སྒྲོག་ཡིག་བཀྲམ། སྤྱོད་གཙང་ཤེས་བྱ་དང་ལྟ་སྐུལ་ཐབས་ལམ། ཁེ་དབང་སྲུང་སྐྱོང་བྱེད་སྟངས་བཅས་ཁྱབ་གདལ་བཏང་ནས་མང་ཚོགས་ལ་སྤྱོད་གཙང་ཤེས་པ་དང་སྤྱོད་གཙང་སྲུང་བཞིན་སྒྲིག་ཁྲིམས་ལྟར་རེ་འདུན་ཡར་ཞུ་བྱེད་པར་ཁྲིད་སྟོན་བྱས།

བྱེད་སྒོ་དེར་དྲིལ་བསྒྲགས་དཔྱད་གཞི་1360ལྷག་ཙམ་བཀྲམ་པ་དང་། རིན་ཐང་སྒོར་4000ལྷག་ཟིན་པའི་དྲིལ་དངོས་བྱིན་ནས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཆེ་རུ་བཏང་བར་མ་ཟད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་མང་ཚོགས་དབར་གྱི་བར་ཐག་ཇེ་ཉེ་རུ་བཏང་། མང་ཚོགས་ལ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱིས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དངོས་སུ་ཚོར་དུ་བཅུག་པར་མ་ཟད། སྤྱོད་གཙང་གི་འདུ་ཤེས་སྡེ་ཁུལ་དུ་བསྒྲགས་ནས་དམངས་སེམས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱོད་གཙང་ལ་བརྩི་མཐོང་དང་སྤྱོད་གཙང་དོན་གཉེར་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན།