ཡེ་ཤེས་ཚེ་རིང་སྡེ་དགེ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་རུ་བསྐོས།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༡

སྤྱི་ཟླ་5་པའི་ཚེས་9་ཉིན་ལ། སྡེ་དགེ་རྫོང་གིས་དབུ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས། དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའི་འབྲེལ་ཡོད་འགན་ཁུར་བའི་བློ་མཐུན་རྣམས་ཀྱང་ཚོགས་འདུ་ལ་ཞུགས། ཚོགས་འདུའི་ནང་དོན་ནི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཏང་ཨུ་ཡིས་བློ་མཐུན་ཡེ་ཤེས་ཚེ་རིང་ཀྲུང་གུང་སྡེ་དགེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་རུ་བསྐོས་པ་ཁྱབ་བསྒྲགས་བྱས།