ལྔ་གཅིག་ངལ་གསོའི་རིང་གཙོ་གནད་ལས་གཞི་མང་པོར་སྐུལ་འདེད་བཏང་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། མིག་དམར་རྒྱ་མཚོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༦

དེ་ཡང་། ལྔ་གཅིག་ངལ་གསོའི་རིང་། གཙོ་གནད་ལས་གཞི་སྐྲུན་མཁན་ཚོས་འཐབ་ས་དང་པོ་བརྟན་སྲུང་གིས་ཨར་ལས་ཀྱི་དུས་བཟང་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་སྟེ།

གཅིག ཞི་ཀྲའོ་མྱུར་བགྲོད་ལམ་བུའི་ཚོད་འཛིན་ལས་གཞི་ཀུང་ཅུའེ་རི་མཐོའི་ཕུག་ལམ་ཤར་གཏོང་ཐུབ་པ།

སི་ཁྲོན་ཞི་ཁྲང་ནས་ཡུན་ནན་ཀྲའོ་ཐུང་བར་གྱི་མྱུར་བགྲོད་ལམ་བུའི་ཀུང་ཅུའེ་ཕུག་ལམ་གྱི་རིང་ཚད་སྨི་12090ཡོད་པ་དང་། ཕུག་དཀྱིལ་གྱི་མཚོ་འཕགས་སྨི་2746ཟིན་ཞིང་། དེ་ནི་ལམ་ཐིག་ཧྲིལ་པོའི་མཚོ་འཕགས་མཐོ་ཤོས་ཀྱི་གནས་ཤིག་རེད།

གཉིས། ཧྲེན་ནན་མྱུར་བགྲོད་ལྕགས་ལམ་ལོའུ་ཏིང་གཙང་པོའི་ཟམ་ཆེན་གྱི་གཙོ་གཟུགས་ལས་གཞི་གང་མགྱོགས་སྐྲུན་བཞིན་ཡོད་པ།

ཧྲེན་ཀྲེན་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་80%ལེགས་གྲུབ་ཟིན་པ་དང་། བསྐྲུན་ཚར་རྗེས་ཧྲེན་ཀྲེན་ནས་ནན་ཉིང་བར་ཆུ་ཚོད་གཉིས་དང་ཕྱེད་ཀ་ལས་འགོར་གྱི་མེད།

གསུམ། ཁུག་པ་ཆེན་པོའི་ཁུལ་གྱི་ཆུ་ཚོད་གཅིག་གི་བར་ཁྱམས་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།

མིག་སྔར། རྣམ་གྲངས་སྤྱིའི་འཕེལ་རིམ་བདེ་བླག་ཡིན་པ་དང་། སྔོག་དཔག་བྱས་ན་2029ལོར་བསྐྲུན་ཚར་ནས་ཤར་གཏོང་ཐུབ་རྒྱུ་ཡིན་པ།

བཞི། ཏན་ཡང་ནས་ཅིན་ཐན་བར་གྱི་མྱུར་བགྲོད་གཞུང་ལམ་གང་མགྱོགས་སྐྲུན་བཞིན་ཡོད་པ།

རྣམ་གྲངས་བསྐྲུན་ཚར་རྗེས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ལྔ། ངལ་གསོའི་རིང་གྲུ་ཁ་མཚམས་མི་བཞག་ཅིང་། གཞུང་ལམ་དང་། ལྕགས་ལམ། ཆུ་ལམ་བཅས་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱས་པ།

ཧྲན་ཏུང་ཏུང་ཕིང་དུ་གཞུང་ལམ་དང་། ལྕགས་ལམ། ཆུ་ལམ་བཅས་སྐྱེལ་འདྲེན་ཐབས་ལམ་སྣ་མང་བརྒྱུད་རྡོ་སོལ་དང་། འབྲུ་རིགས། ཐོན་སྐྱེད་དངོས་ཟོག་སོགས་སྐྱེལ་འདྲེན་ཤར་བགྲོད་ཐུབ་པ་བྱས་འདུག