མཛོད་དགེ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རོལ་རྩེད་ཁང་དུ་ཆང་རག་ལ་ཆེད་དོན་འཕྲལ་རྒོལ་ཞིབ་བཤེར་བྱས།

མངའ་ཁུལ་གྱི་མགྲོན་ཁང་དང་KTVསོགས་རོལ་རྩེད་ཁང་གི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། སྤུས་ཞན་ཆང་རག་འཛད་སྤྱོད་ཁྲོམ་ར་རུ་འགྲེམ་པར་སྔོན་འགོག་ནན་མོ་བྱས་ཏེ། མང་ཚོགས་ཀྱི་ཆང་རག་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཉེ་ཆར། མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་གཙོ་གནད་རོལ་རྩེད་ཁང་དུ་ཆང་རག་ཐོན་རྫས་ཀྱི་ཆེད་དོན་འཕྲལ་རྒོལ་ཁྲིམས་འཛིན་ཞིབ་བཤེར་ལས་སྒོ་སྤེལ།

ཆེད་དོན་ལས་སྒོར་ཁྱོན་ཡོངས་ནས་ཞིབ་བཤེར་དང་འབེན་ཕྱོགས་བཅོས་སྒྲིག་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་ལ་དམིགས་ནས་ཞིབ་བཟེར་ནན་མོ་བྱས། ཁྲིམས་འཛིན་མི་སྣ་ཚོང་གཉེར་མཛོད་ཁང་དང་ཆང་རག་བཙོང་ཁུལ། ཉོ་སྟེགས་སོགས་གཙོ་གནད་ས་ཁོངས་སུ་ཕྱིན་ནས་ཕྱོགས་བསྡུས་ཞིབ་བཤེར་བྱས། ཆང་རག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ཚོང་ཟོག་ནང་འདྲེན་ཞིབ་བཤེར་རྩིས་ཐོ་བཅས་ལྟེ་བའི་ལྷུ་ཚིགས་ཆེན་པོ་གཉིས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཞིབ་ཕྲ་བྱས། ཞིབ་བཤེར་བྱེད་སྐབས་ལས་དོན་མི་སྣས་ཨ་རག་དཀར་པོ་དང་སྦི་རག །ཕྱི་རྒྱལ་གྱི་ཨ་རག་སོགས་འཚོང་བཞིན་པའི་ཨ་རག་གི་སྤུས་ཚད་དང་ཐོན་རྫས་ཀྱི་མཚོན་བྱང་། སྤུས་ཚད་འགན་ལེན་དུས་ཚོད་སོགས་ཀྱི་ཆ་འཕྲིན་རེ་རེ་བཞིན་ཞིབ་བཤེར་བྱས་ནས། “མེད་པ་གསུམ”གྱི་ཨ་རག་དང་དུས་ལས་ཡོལ་བ། ངོ་བོ་འགྱུར་བའི་ཨ་རག །ཨ་རག་རྫུན་མ། ཟོག་འདོན་ཚོང་པའི་ཐོབ་ཐང་དང་། ཚོང་ཟོག་ནང་འདྲེན་འཛིན་ཡིག ཞིབ་བཤེར་ཚད་ལོན་དཔང་ཡིག་བཅས་ལ་ཞིབ་བཤེར་ནན་མོ་བྱས། ཉོ་ཐོར་ལྟ་ཞིབ་བྱས་ནས་ཡོང་ཁུངས་གསལ་པོ་མེད་པའི་ཆང་རག་ཐོན་རྫས་ཕྱིར་ཚོང་ལ་སྔོན་འགོག་བྱས། དེ་དང་ཆབས་གཅིག་གཉེར་སྐྱོང་བྱེད་པོའི་ལག་ཁྱེར་དང་ཐོབ་ཐང་དང་། རིན་གོང་གསལ་པོར་འགོད་པ། བཟའ་བཅའི་བདེ་འཇགས་འཕྲོད་བསྟེན། ན་སོ་དར་ལ་མ་བབས་པའི་མིར་ཨ་རག་འཚོང་མི་ཆོག་པའི་ཉེན་བརྡ་གཏོང་བ་སོགས་ལྟ་སྐུལ་དོ་དམ་གྱི་དོན་ཚན་ཚང་མར་དུས་གཅིག་ཏུ་ཞིབ་བཤེར་བྱས་ནས་གཉེར་སྐྱོང་པའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལེགས་འཁུར་བྱས།

ཞིབ་བཤེར་བྱེད་སྒོ་དེར་ཁྱོན་ཁྲིམས་འཛིན་མི་སྣ་15མངགས་ནས། རོལ་རྩེད་ཁང་5ལ་འཕྲལ་རྒོལ་ཞིབ་བཤེར་བྱས། ཞིབ་བཤེར་ཚོ་ཆུང་གིས་གཉེར་སྐྱོང་ཚོང་ཁང་ཁག་གཅིག་གིས་ཚོང་ཟོག་ཉོ་ཐོ་མི་གསལ་བ་དང་། འཛིན་ཤོག་ཆ་མི་ཚང་བ། ཆང་རག་གི་ཤོག་བྱང་སྒྲིག་སྟངས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་གསལ་རྟོགས་བྱུང་། ཁྲིམས་འཛིན་མི་སྣས་ཡུལ་དངོས་གནས་གཉེར་སྐྱོང་བདག་པོར་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་བཤད་བྱས། ཡུལ་དངོས་ནས་བཅོས་སྒྲིག་གི་བརྡ་4བཏང་། བཅོས་སྒྲིག་གི་བླང་བྱ་དང་དུས་ཡུན་གསལ་པོར་བསྟན་ནས་ཚོང་བདག་ལ་དུས་བཅད་ལྟར་བཅོས་སྒྲིག་བྱ་བར་ལྟ་སྐུལ་བྱས།
