འདབ་ཆགས་སྲུང་སྐྱོང་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་བྱས་ཏེ་ལྗང་མདོག་ཁྱིམ་གཞིས་སྐྱོང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༡༠

སྐྱེ་ཁམས་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་དུ་གཏོང་བ་དང་སྤྱི་ཚོགས་སྤྱི་གཞུང་ནས་ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། སྤྱི་ཟླ་4པའི་ཚེས་8ཉིན། མཛོད་དགེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་བྱང་སྐྱོད་ཐང་ཆེན་དུ“འདབ་ཆགས་སྲུང་སྐྱོང་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་བྱས་ཏེ་ལྗང་མདོག་ཁྱིམ་གཞིས་སྐྱོང་”ཞེས་པའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དངོས་གཉེར་ལ་སྐུལ་འདེད་བཏང་།

བྱེད་སྒོ་སྤེལ་ཡུལ་དུ་ལས་གཉེར་པས་སྒྲོག་སྟེགས་བཙུགས་པ་དང་སྒྲོག་ཡིག་བཀལ་བ། ཡུལ་དངོས་སྒྲོག་འགྲེལ་བློ་འདྲི། སྒྲོག་ཤོག་བཀྲམ་པ་བརྒྱུད་འགྲོ་འོང་མང་ཚོགས་ལ་བརླན་སའི་སྐྱེ་ཁམས་བྱེད་ནུས་དང་ནགས་ཚལ་རྩྭ་ཐང་སྲུང་སྐྱོང་གི་སྙིང་དོན་སོགས་ཤེས་བྱ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་། གཙོ་བོ་ནགས་ཚལ་རྩྭ་ཐང་བྱ་བཞག་གི་དོན་དངོས་དང་འབྲེལ་ནས་རྩྭ་ཐང་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བཅས་མཉམ་གནས་མཉམ་དར་གྱི་སྐྱེ་ཁམས་འབྲེལ་བ་གསལ་པོ་བཤད། མང་ཚོགས་ལ་རང་བྱུང་ཁམས་བརྩིས་ནས་དེ་དང་བསྟུན་ཅི་ཐུབ་ཀྱིས་རང་བྱུང་ཁམས་སྲུང་སྐྱོང་གི་སྐྱེ་ཁམས་འདུ་ཤེས་ལེགས་པོ་བསྐྱེད་པར་ཁྲིད་སྟོན་གནང་། ནགས་ཚལ་རྩྭ་ཐང་སྲུང་སྐྱོང་གི་སྒྲོག་བྱང་དང་སྒྲོག་དེབ་500ལྷག་བཀྲམ། དྲིལ་བསྒྲགས་ཉི་གདུགས་དང་བརྗོད་དོན་ཟིན་བྲིས་སོགས་སྤྱོད་གོ་ཆོད་པའི་དྲིལ་བསྒྲགས་རྒྱུ་ཆ་400ལྷག་བཀོད་སྒྲིག་བྱས། དུས་མཚུངས་སུ་རིན་མི་དགོས་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཀློག་དེབ་600ལྷག་བཀྲམ། ཕྱོགས་ཡོངས་དང་མཐོང་སྣེ་མང་པོ་བརྒྱུད་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་ནས། ཁྲིམ་སྐྱོང་དྲིལ་བསྒྲགས་དེ་མང་ཚོགས་དང་ཉེ་བར་བཅར་བཞིན་སེམས་ལ་ངེས་སུ་བཅུག