དགེ་འདུན་པ་13ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་འདུག

2026ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པར་དམ་བཅའ་འཇོག་པ་དང་ལག་ཁྱེར་འབུལ་བའི་མཛད་སྒོ་དེ་སྤྱི་ཟླ་4ཚེས་5ཉིན་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་ཤིང་། 2026ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པར་རྒྱུགས་འབུལ་ཆོག་པའི་དགེ་འདུན་པ་དང་། རྩོད་དཔང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཟུར་རྒྱུགས་འབུལ་མཁན་དགེ་འདུན་པ་སོགས་མི་278མཛད་སྒོར་ཞུགས་ཡོད་པ་རེད།

དམ་འཇོག་མཛད་སྒོ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་དམ་འཇོག་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་ཞིང་། སྔར་སྲོལ་མཛད་ལམ་ལྟར་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དཔྱད་འདེམས་ནན་པོ་གནང་བ་རྒྱུད། དམ་འཇོག་ནང་ཞུགས་མཁན་དགེ་འདུན་པ་13གྱིས་ཚད་མ་དང་། དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་གཞུང་ཆེན་བཀའ་པོད་ལྔའི་ནང་དོན་དགག་བཞག་སྤང་གསུམ་དང་། དེ་མིན་གྱི་ཐུན་མོང་རིག་གནས་ཤེས་བྱར་རྟགས་གསལ་བཏང་གནང་བ་རེད།

དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྔར་སྲོལ་གྱི་སློབ་གནས་མཐོ་ཤོས་དེ་ཡིན་པ་དང་། ད་བར་དགེ་འདུན་པ་215ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་ཡོད་པ་རེད།


