བོད་ལྗོངས་ཀྱི་རྡོག་བྲོའི་ཟློས་གར་འདིས་པེ་ཅིན་དུ་སྐད་གྲགས་བཞག་འདུག
སྤྱི་ཟླ་3པའི་ཚེས་28དང་29ཉིན། པེ་ཅིན་ཀྲུང་དབྱང་གླུ་གར་ཁང་དུ་ཀྲུང་གོའི་རྡོག་བྲོའི་ཟློས་གར་ཐོག་མ་སྟེ། 《བཀྲ་ཤིས་ཞབས་བྲོ》ཡི་རེས་སྐོར་དང་པོའི་འཁྲབ་སྟོན་ལེགས་གྲུབ་བྱུང་ཡོད། གངས་ལྗོངས་ས་མཐོའི་ཐུན་མོང་མིན་པའི་ཞབས་བྲོའི་ཁྱད་ཆོས་གར་སྟབས་ལ་བརྟེན་ནས། རྒྱལ་ས་པེ་ཅིན་དུ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་ཡོད།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།
《བཀྲ་ཤིས་ཞབས་བྲོ》ཞེས་པའི་ཟློས་གར་འདིའི་ནང་གི་མི་སྣ་གཙོ་བོ་ནི“བཀྲ་ཤིས”དང་“ཞབས་བྲོ”གཉིས་ཡིན་ལ། ཟློས་གར་དེར་མི་རབས་གཉིས་དང་གངས་ལྗོངས་ས་མཐོའི་དབར་གྱི་བརྩེ་བ་ཟབ་མོ་བརྗོད་པ་བརྒྱུད་ནས། དུས་རབས་གསར་པའི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལ་རོགས་རམ་བྱེད་པའི་སྤུན་ཟླའི་མཛའ་བརྩེ་ཟབ་མོ་མཚོན་ཡོད།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།
《བཀྲ་ཤིས་ཞབས་བྲོ》ཞེས་པའི་ཟློས་གར་འདིར་བོད་ལྗོངས་སྲོལ་རྒྱུན་ཞབས་བྲོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་རྒྱལ་ཡོངས་ཀྱི་གར་སྟེགས་སུ་སྐྱོད་པར་མཁོ་བའི་རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཡོད་པར་མ་ཟད། མི་རིགས་ཀྱི་རིག་གནས་སྤེལ་རེས་དང་སྣ་མང་སྒྱུ་རྩལ་འཕེལ་རྒྱས་ལ་སྟེགས་བུ་ཆེན་པོ་ཞིག་བསྐྲུན་ཡོད། ལྷག་པར་དུ་ཟློས་གར་གྱི་འཁྲབ་སྟོན་ཐོག་མ་དེ་སྤྱི་ཟླ་3པའི་ཚེས་28ཉིན་བོད་ལྗོངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་ཏག་ཏག་འཁེལ་བས། བརྩམས་ཆོས་དེར་ཕུན་སུམ་ཚོགས་པའི་བརྗོད་དོན་ལྡན་ཞིང་། དེས་བོད་ལྗོངས་དམངས་གཙོ་སྒྱུར་བཅོས་བྱས་ཚུན་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དང་། དེ་བཞིན་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་མངོན་པར་མཚོན་ཡོད།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ལྷ་རྩེའི་སྟོད་གཞས་ནི་ཟློས་གར་དེའི་གྲུབ་ཆ་གཙོ་བོ་ཡིན་པ་དང་། རྡོག་བྲོའི་ཟློས་གར་དེས་འཁྲབ་སྟངས་གསར་གཏོད་བྱས་ཡོད་དེ། ལྷ་རྩེའི་སྟོད་གཞས་ཀྱི་ཞབས་བྲོའི་འཁྲབ་སྟངས་གཙོར་བཟུང་ནས། ཞོར་དུ་ལྷོ་གཞས་དང་། ནང་མ། ཞབས་ཆེན། སྒོར་གཞས་སོགས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོའི་གྲུབ་ཆ་སྣ་ཚོགས་ཀྱང་ནང་དུ་བསྲེས་ནས་ཡོད།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།

རྡོག་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》ཡི་འཁྲབ་སྟོན་པར་རིས།
ངོ་སྤྲོད་བྱས་པར་གཞིགས་ན། ཟློས་གར་དེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་གོའི་ཞབས་བྲོ་བའི་མཐུན་ཚོགས། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ། པེ་ཅིན་བོད་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། དུས་ཡུན་ལོ་གསུམ་གྱི་རིང་གསར་རྩོམ་དང་ནང་སྦྱོང་བྱས་ཡོད་འདུག
