ཐང་སྐོར་གྲོང་རྡལ་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་འཁོར་གཅིག་འགོར་བའི་ཁྲིམས་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༢༧

ཞིང་ཆེན་དང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང་སེ་འབྲུ་མང་ཚོགས་ལས་དོན་གྱི་བཀོད་སྒྲིག་ལྟར། ཉེ་ཆར། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་འབྲོག་ཁུལ་གྱི་རིག་དངོས་སྲུང་སྐྱོབ་ཀྱི་དོན་དངོས་དང་འབྲེལ་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ་འཁོར་གཅིག་འགོར་བའི་གོ་སྐབས་དམ་འཛིན་གྱིས་ཕྱོགས་ཡོངས་ནས་ཁྲིམས་སྒྲོག་བྱེད་སྒོ་རབ་དང་རིམ་པ་སྤེལ། རིག་དངོས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འདུ་ཤེས་འབྲོག་ཁུལ་དུ་ཟབ་སྤེལ་དང་མི་སེམས་སུ་ངེས་པར་སྐུལ་འདེད་བཏང་། གྲོང་རྡལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རང་འགུལ་གྱིས་རིག་དངོས་སྲུང་སྐྱོབ་ལ་ཞུགས་པར་སྐུལ་ཁྲིད་བྱས་ཏེ། སྤྱི་གཞུང་ནས་མངོན་མིན་རིག་གནས་སྲུང་སྐྱོབ་དང་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་འཛུགས་པར་ནུས་ཤུགས་བཏོན།

བྱེད་སྒོ་དེར“ཁྲིམས་སྐྱོང་གིས་རིག་དངོས་སྲུང་སྐྱོབ་ལ་འགན་སྲུང་ལ་མཐུན་སྒྲིལ་གྱིས་རིག་གནས་སྲུང་སྐྱོབ་ལ་གཞོགས་འདེགས་ཀྱི”སྲོག་ཤིང་དང་དམ་པོར་འབྲེལ་ནས། འབྲོག་ཁུལ་དང་མཐུན་ལ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་དང་སྡེ་སྡོད་ལས་དོན་རུ་ཁག །རྩྭ་ཐང་གི་དྲ་མིག་དོ་དམ་པ་སོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། སྐད་གཉིས་ཁྲིམས་སྒྲོག་ཚོ་ཆུང་མང་པོ་བཙུགས། མངལ་ཁུལ་གྱི་རིག་དངོས་རྗེས་ཤུལ་མཐའ་འཁོར་གྱི་འབྲོག་ས་དང་གྲོང་སྡེ་རུ་སྐོར་སྒྲོག་གི་བྱེད་ཐབས་བརྒྱུད། ཁྲིམས་སྒྲོག་ལས་དོན་འབྲོག་ཁུལ་མང་ཚོགས་ལ་གནད་སྨིན་ཁྱབ་གདལ་དང་དྲིལ་བསྒྲགས་ལས་དོན་འབེན་ཕྱོགས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱས།

དྲིལ་བསྒྲགས་རུ་མི་རྩྭ་ཐང་གི་སྦྲ་གུར་དང་འབྲོག་ཁྱིམ་དུ་ཕྱིན། སྐད་གཉིས་ཀྱི་ལམ་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ནང་དོན་གཙོ་བོ་དང་རིག་དངོས་སྲུང་སྐྱོབ་ཀྱི་དངོས་ཡོད་རིན་ཐང་། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་འགྲེལ་བཤད་ཞིབ་ཕྲ་བྱས། ཡུལ་དངོས་ནས་རིག་དངོས་སྲུང་སྐྱོབ་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་ཐད་ཀྱི་དོགས་གཞིར་འགྲེལ་ལན་བཏབ། མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་གྱི་ཞབས་ཞུ་ལེགས་པོ་བཏོན། དེ་དང་ཆབས་ཅིག་གྲོང་སྡེ་རིམ་པའི་སྐད་འཕྲིན་ཚོགས་པ་དང་འབྲོག་ཁུལ་གྱི་སྒྲ་སྒམ་ཆེན་པོ། སྡེ་དོན་སྒྲོག་པང་སོགས་ཡུལ་དངོས་དང་དྲ་ལམ་དུ་པར་རིས་སྒྲོག་འགྲེལ་དང་སྙན་སྒྲོན། བརྡ་སྒྲོག་ཡི་གེ་སྦྱར་བ་བརྒྱུད་རིག་དངོས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་པ་ཕྱོགས་ཡོངས་དང་མཐོང་སྣེ་མང་པོ་ནས་སྒྲོག་འབྲེལ་བྱས་ཏེ། ཁྲིམས་སྒྲོག་ལས་དོན་ཡོངས་ལ་ཁྱབ་པ་དང་བཅའ་ཁྲིམས་ཀྱིས་རིག་དངོས་སྲུང་བའི་སྙིང་དོན་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བར་འདྲེས་པ་མངོན་འགྱུར་བྱུང་།

ཁྲིམས་སྒྲོག་བྱེད་སྒོ་དེས་གྲོང་རྡལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་རྟོགས་ཚད་དང་ཁྲིམས་སྐྱོང་གིས་རིག་དངོས་སྲུང་བའི་རང་རྟོགས་ཆེ་རུ་བཏང་བར་མ་ཟད། རིག་དངོས་ཁྲིམས་སྒྲོག་གི་འབྲེལ་ཟམ་བརྒྱུད་སེ་འབྲུ་མང་ཚོགས་ལས་དོན་དང་འབྲོག་ཁུལ་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་མཉམ་འདྲེས་མཉམ་སྤེལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས། གྲོང་རྡལ་ཡོངས་སུ་ཁྲིམས་སྦྱོང་ཁྲིམས་ཤེས་དང་། ཁྲིམས་སྐྱོང་རིག་གནས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། རིག་གནས་སྲུང་སྐྱོབ་བཅས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན། གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་རྩྭ་ཐང་དང་འབྲོག་ཁུལ་དུ་དོན་འཁྱོལ་ཐུབ་པར་འགན་སྲུང་བྱས།