རྟའུ་རྫོང་གིས་ཁྲེང་ཏུའུ་རུ་ཡོངས་བསྒྲགས་ཚོགས་འདུ་ཞིག་འཚོགས།

སྤྱི་ཟླ་3པའི་ཚེས་23ཉིན་གྱི་སྔ་དྲོར། གནས་མཆོག་དཀར་མཛེས་སུ། འཛོམ་པའི་ཁ་ཆད་ཡོད་ཅེས་པའི་རྟའུ་རྫོང་2026ལོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཚོགས་ཆེན་དང་ཁམ་བུ་མེ་ཏོག་སྐྱེ་ཁམས་རིག་གནས་མྱོང་རོལ་གཟའ་འཁོར་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཡོངས་བསྒྲགས་ཚོགས་འདུར། རྟའུ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྒྱལ་མཚན་རྡོ་རྗེ་ཡིས་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཞིག་འོས་སྦྱོར་བྱས་ཡོད་དེ། རྟའུ་རྫོང་གི་ཁམ་བུ་མེ་ཏོག་ལ་བལྟ་བའི་ཡུལ་སྐོར་དུ་བསྐྱོད་ན། སི་ཁྲོན་ནུབ་རྒྱུད་ཀྱི་མཛེས་ལྗོངས་ལ་བལྟ་ཐུབ་པ་ཡིན་ཞིང་། ལམ་ཐིག་དེ་ནི་ཁྲེང་ཏུའུ་ནས་འགོ་བཙུགས་ཏེ་སྐུ་བླ་རི་བོ་དང་བརྒྱ་རྒྱུད་བོད་གྲོང་། རོང་བྲག་རྫོང་མཁར། སྐྱིད་ལུང་། དམ་ཁོག། དགྱེས་ཡུམ་ལྷ་མཚོ། གཡུ་ཁོག་རྩྭ་ཐང་། རྟའུ་རྫོང་མཁར། ཁམ་བུ་མེ་ཏོག་གི་སྦས་ཡུལ། ལུང་བསྟན་འབྲོག་ར། གསེག་རི་གླིང་ག །མི་ཉག་མགར་ཐར། བཞག་བྲ་ལྷ་རྩེ། ར་རྔ་ཁ། དར་མདོ། གཡག་རྔ་བཅས་བརྒྱུད་ནས་ཁྲེང་ཏུའུ་རུ་ལོག་ཆོག་པ་དང་། ལམ་ཐིག་ཧྲིལ་པོའི་འགྲོ་ལམ་བདེ་ཞིང་ཡུལ་ལྗོངས་ཉམས་དགའ་བ་ཡོད་ལ། མྱོང་རོལ་ཕུན་སུམ་ཚོགས་པ་བྱེད་ཆོག་པས། 2026ལོའི་དཔྱིད་ཀར་སི་ཁྲོན་ནུབ་རྒྱུད་དུ་སྐྱོད་རིན་ཆེ་ཤོས་དང་། གློག་བརྙན་ཕབ་བསྐྲུན་དང་རྩེད་འཇོ་ཡུལ་ཁམས་སྐྱིད་ཤོས་ཀྱི་གསེར་གྱི་ལམ་ཐིག་ཅིག་ཀྱང་ཡིན་ནོ། །
