བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་བྱས།
ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༩

“སེ་འབྲུ་ལས་གཞི”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལེགས་པོ་སྤེལ་ནས་བྱིས་པའི་ཐུམ་འབུའི་ནད་འགོག་བཅོས་ཡག་པོ་བྱས་ཏེ། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར་མཛོད་དགེ་རྫོང་རིམས་འགོག་ལྟེ་གནས་ཀྱིས་སྟག་ཚ་གྲོང་རྡལ་གྱི་ཡན་ལག་སྨན་ཁང་དང་རྫོང་ལས་ཁུངས་བུ་བཅོལ་ཁང་། རྫོང་སྐད་གཉིས་བུ་བཅོལ་ཁང་དུ་བྱིས་པ་800ལ་ཐུམ་འབུའི་ནད་Bསྒྲ་རླབས་བརྟག་དཔྱད་བྱས།

བརྟག་དཔྱད་དེ་ནི“སེ་འབྲུ”བདེ་ཐང་འགན་ལེན་བྱ་འགུལ་བྱིས་པའི་ཚོགས་ལ་སྤེལ་བའི་ཞིབ་ཕྲའི་ལག་ལེན་ཞིག་རེད། བརྟག་དཔྱད་སྐབས་ལ་ལས་དོན་མི་སྣས་ལག་རྩལ་གྱི་ཚད་གཞི་ལྟར་Bསྒྲ་རླབས་བརྟག་དཔྱད་བྱས་ཏེ། དགེ་སློབ་དང་ཁྱིམ་བདག་ལ་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བས། སློབ་གྲྭ་དང་ཁྱིམ་ཚང་གི་འགོག་བཅོས་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་བྱིས་པའི་བདེ་ཐང་སྲུང་ཡོལ་བརྟན་པོ་བསྐྲུན།
