མཛོད་དགེ་རྫོང་གིས་བུད་མེད་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།

བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་ཐུགས་ཁུར་ཟབ་བཞེས་དང་། རྒྱ་ཆེའི་བུད་མེད་ཀྱི་རང་ངོས་བདེ་སྲུང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་མངལ་སྐེ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་འགོག་བཅོས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་རིང་ལ་མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་མ་བུ་བདེ་སྲུང་ཁང་དང་མཉམ་འབྲེལ་བྱས་ཏེ། སྤྱི་ཟླ་3ཚེས་10ནས་ཚེས་11ཉིན་བར་རིན་མི་དགོས་པར་བུད་མེད་ཀྱི་བདེ་ཐང་འོས་འགན་སྨན་བཅོས་བརྟག་དཔྱད་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ།

བྱེད་སྒོ་དེས་བུད་མེད་བདེ་ཐང་གི་ལྟེ་བའི་དགོས་མཁོར་དམིགས་ཏེ་འབྲས་སྐྲན་གཉིས་རིན་མི་དགོས་པར་བརྟག་དཔྱད་དང་། མོ་ནད་བརྟག་དཔྱད། མངལ་སྦྲུམ་སྔོན་དང་མངལ་སྦྲུམ་སྐབས་ཀྱི་འཕྲོད་སྦྱོར་ཆེད་ལས་བློ་འདྲི་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་བཀོད་སྒྲིག་བྱས་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་བུད་མེད་མང་ཚོགས་ཀྱི་གམ་དུ་སྐྱེལ། བྱེད་སྒོ་སྤེལ་ཡུལ་དུ་སྨན་བཅོས་མི་སྣས་ཆེད་ལས་དང་ངང་རྒྱུད་རིང་པོས་བུད་མེད་མང་ཚོགས་ལ་གཅིག་གཏད་གཅིག་གི་བདེ་ཐང་མཛུབ་ཁྲིད་བྱས་པ་དང་། རང་ངོས་བདེ་ཐང་དོ་དམ་གྱི་ཤེས་བྱ་འགྲེལ་བཤད་བྱས། ལོ་རན་པའི་བུད་མེད་ལ་མངལ་སྐེ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་བརྟག་དཔྱད་ནང་ཞུགས་རྒྱུར་སྐུལ་སློང་བྱས། ཉེན་ཁ་ཆེ་བའི་མི་ཚོགས་ལ་རང་འགུལ་ངང་སྨན་བཅོས་བརྟག་དཔྱད་བྱ་རྒྱུད་ཁྲིད་སྟོན་བྱས་ནས། འབྱུང་རྩ་ནས“སྐྲན་གཉིས”ཕོག་ཚད་དམའ་རུ་བཏང་སྟེ་བུད་མེད་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་དངོས་གནས་མཐོ་རུ་བཏང་།

བཞག་སྡོམ་ཕྱུགས་རའི་སྡེ་མི་འོག་དཔོག་མཚོས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་མ་བུ་བདེ་སྲུང་ཁང་དང་མཉམ་འབྲེལ་བྱས་ནས་ལོ་རེ་བཞིན་ང་ཚོ་འབྲོག་པར་རིན་མི་དགོས་པར་མོ་ནད་བརྟག་དཔྱད་བྱས་པར་མ་ཟད། ལེགས་སྐྱེས་ཆུང་ཆུང་གྲ་སྒྲིག་བྱས་ཡོད། དམངས་ཕན་བྱེད་སྒོ་དེ་རིགས་ཧ་ཅང་ཡག་པོ་ཡོད་པས་རྒྱུན་པར་སྤེལ་བའི་རེ་བ་ཡོད་ཅེས་བཤད།
བྱེད་སྒོ་དེས་བུད་མེད་མང་ཚོགས་ལ་རིན་མི་དགོས་པའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པར་མ་ཟད། “སྐྲན་གཉིས”ཀྱི་བརྟག་དཔྱད་རྣམ་གྲངས་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་དང་རྗེས་འདེད་འཚམས་འདྲིའི་ཞབས་ཞུ་དེ་བས་ཆེ་རུ་བཏང་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“ཕ་ཁྱིམ”གྱི་དྲོ་སྐྱིད་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། རྒྱ་ཆེའི་བུད་མེད་མང་ཚོགས་ལ་དངོས་ཕན་དང་ཕུགས་ཕན་གྱི་འབྲེལ་ཟམ་བསྐྲུན།
