སློབ་གྲྭའི་མཐའ་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་མའི་མཁོ་ཆས་ཀྱི་སྤུས་ཚད་བདེ་འཇགས་འགག་སྒོ་ནན་སྲུང་བྱས།

སློབ་གྲྭའི་མཐའ་འཁོར་གྱི་སློབ་མའི་མཁོ་ཆས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྤུས་ཞན་ལེགས་སྒྱུར”དང“རྫུན་མ་དག་སྒྱུར”སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཀག་འགོག་བྱ་ཆེད། ཉེ་ཆར་མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སློབ་མའི་མཁོ་ཆས་ཀྱི་སྤུས་ཚད་ལ་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱས།

སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་དང་རྩེད་ཆས་ཚོང་ཁང་། སྣ་འཛོམས་ཚོང་ཁང་། སྒོ་རྩིས་ཚོང་ཁང་བཅས་གཙོར་བཟུང་སྟེ་ཞིབ་བཤེར་བྱས། དེ་ཡང་3Cཡི་དཔང་ཡིག་ཡོད་མེད་དང་ཐོན་རྫས་ཚད་ལྡན་ཡིན་མིན། ཤོག་བྱང་དང་མཚོན་རྟགས་ཆ་ཚང་དང་ཁ་གསལ་མིན། རྒྱ་ཡིག་གི་མཚོན་རྟགས་ཚད་ལྡན་དུ་བཀོད་ཡོད་མེད་སོགས་ལ་ཞིབ་བཤེར་བྱས། ཞིབ་བཤེར་ཁྲོད་ཚོང་གཉེར་པ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བྱས་ནས། བཅའ་ཁྲིམས་ཀྱི་འདུ་ཤེས་དང་སྤུས་ཚད་ཀྱི་འདུ་ཤེས། བྱེད་པོའི་འགན་འཁྲིའི་འདུ་ཤེས་བཅས་ཇེ་ཟབ་ཏུ་བཏང་ནས་ཚོང་གཉེར་མཁན་ལ་རང་འགུལ་གྱིས་ཁྲིམས་སྲུང་གཉེར་སྐྱོང་དང་ཡིད་རྟོན་གཉེར་སྐྱོང་བྱས་ཏེ། རང་འགུལ་གྱིས་ཐོན་རྫས་ནང་འདྲེན་དང་སྤུས་ཚད། ཕྱིར་ཚོང་བཅས་ཀྱི་འགག་སྒོ་ནན་སྲུང་སྒོས་ཚད་ལྡན་མིན་པའི་ཐོན་རྫས་འབྱུང་ཁུངས་ནས་ཕྱིར་ཚོང་བྱེད་པ་གཏན་འགོག་བྱ་རྒྱུར་ཁྲིད་སྟོན་གནང་། སློབ་གྲྭའི་མཐའ་འཁོར་གྱི་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་ནས། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པའི་འཛད་སྤྱོད་ཁོར་ཡུག་བསྐྲུན།
མིག་སྔའི་བར་བསྡོམས་པས་ཚོང་ཁང་16ལ་ཞིབ་བཤེར་བྱས་པ་དང་ཁྲིམས་འཛིན་པ་མི་ཐེངས་2མངགས། གནས་སྐབས་སུ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མཐོང་མ་བྱུང་།
