དུས་ཆེན་རྗེས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་བྱམས་མེའི་བདེ་འཇགས་འཛུགས་སྐྲུན་ལ་ནན་གྱིས་སྐུལ།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་བསྡུ་འགོ་ཚུགས་པ་དང་། མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་གྱིས་ལྟ་སྐུལ་གྱི་འགན་འཁྲི་ལེགས་འཁུར་གྱིས་འཕྲལ་མར་དུས་ཆེན་རྗེས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྤེལ་ཏེ། “བྱེད་ཐབས་གསུམ”བརྒྱུད་ལས་བྱེད་པ་རྣམས་ལ་སེམས་ནུས་ལས་གནས་སུ་འདོན་པར་སྐུལ་མ་དང་། གྲོང་རྡལ་ཡོངས་ཀྱི་བདེ་འཇགས་སྲུང་ཐིག་བརྟན་པོ་བསྐྲུན།
ལས་གནས་སུ་ལས་འགན་བསྒྲུབ་པར་དམིགས་ནས་སྒྲིག་ཁྲིམས་ཀྱི“སེམས་བསྡུ་བའི་སྨན་ཁབ”ཡག་པོ་བརྒྱབ། ཡུལ་དངོས་ནས་འཐེན་བཤེར་བྱས་པ་བརྒྱུད་ལས་ཚོགས་ཀྱི་རྗེས་སུ་ལུས་པ་དང་ལས་གནས་ལ་འབྱོར་མེད་པ། དགོངས་པ་ཞུ་ལུགས་ཚད་ལྡན་མིན་པའི་གནད་དོན་བཅས་ལ་ཞིབ་བཤེར་ནན་མོ་བྱས། “དུས་ཆེན་རྗེས་ཀྱི་ནད་རྟགས”ཡོ་བསྲང་བྱས་ཏེ་ལས་བྱེད་པ་མགྱོགས་མྱུར་སྒོས་ལས་ཀར་ཞུགས་པར་འགན་ལེན་བྱས།
བདེ་འཇགས་དང་བརྟན་ལྷིང་ལ་དམིགས་ཏེ་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”དམ་ཟབ་བཟོས། མཉམ་འབྲེལ་མངགས་གཏོང་ཁང་གིས་ལམ་ངོས་ཀྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས། “འདུ་གནས་ཆུང་ངུ་དགུའི”མེ་འགོག་རྐྱེན་ངན་ཞིབ་བཤེར་ལ་སྐུལ་འདེད་ཤུགས་ཆེན་བཏང་། འགན་ནུས་སྡེ་ཁག་གིས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། ལས་རེས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱས་ནས་ཆ་འཕྲིན་སྤྲོད་ལེན་དང་ཐག་གཅོད་ནུས་ལྡན་ཡོང་བར་འགན་ལེན་བྱས།
ཞིབ་བཤེར་དང་བཟོ་བཅོས་ལེགས་འདོན་གྱིས་ལས་ཀའི“འགན་འཁྲིའི་སྐུད་པ”དམ་དུ་བཏང་། ལྟ་སྐུལ་དང་ཕན་འབྲས་མཉམ་འཛིན་གྱིས་གཙོ་གནད་ལས་ཀའི་འཕེལ་ཕྱོགས་ལ་རྒྱུས་ལོན་བྱས། ཤེས་རྟོགས་བྱུང་བའི་གནད་དོན་ལ་ཡུལ་དངོས་ནས་བསམ་འཆར་བཏོན། དུས་ལྟར་བཅོས་སྒྲིག་དང་རྗེས་འདེད་ཕན་འབྲས་འདྲི་རྩད། ནང་ངོས་དོ་དམ་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་།
