ཉེན་ཁ་ཆེ་བའི་ཁང་པ་ཞིག་གསོ་བྱས་ནས་དམངས་ཀྱི་སེམས་ཁྲལ་སེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༣

རྔ་བ་ཁུལ་ཡོངས་ཀྱི་མང་ཚོགས་ལས་ཀ“སེ་འབྲུ”ལས་གཞི་ལག་ལེན་དུ་བསྟར་ནས་བཟུང་། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོར་བཟུང་སྟེ། “སེམས་མཐུན་མཉམ་འགྲུལ”དང་དཀའ་ཁག་ཅན་དང་ཉམས་ཐག་པར་དངོས་སུ་རོགས་སྐྱོར་བྱས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་གནད་དོན་ཐག་གཅོད་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།

ཉེ་ཆར་རྫོང་དམངས་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི་8བཏང་བ་དང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་སོ་སོ་ནས་མ་དངུལ་སྒོར་ཁྲི་4བསྡུས། བསྡོམས་པས་སྒོར་ཁྲི་12བཏང་ནས་ཆོས་རྗེ་ཡུལ་ཚོའི་བཙུན་མ་དགོན་པའི་ཐབ་ཚང་ཞིག་གསོ་བྱས་ཏེ། བདེ་འཇགས་ཀྱི་འགོག་རྐྱེན་རྩ་བ་ནས་མེད་པར་བཟོས། དགོན་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ་སྦྱོར་བ་དངོས་ཀྱིས་ཏང་དང་སྲིད་གཞུང་གི་དྲོད་འཁོལ་བརྒྱུད་སྤྲོད་བྱས།

བཙུན་མ་རྣམས་ཀྱིས་རང་འགུལ་སྒོས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་ལ་གཟེངས་དར་ཕུལ། ཏང་གི་བཀའ་དྲིན་དྲན་བཞིན་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་རྗེས་འབྲངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་ཞེན་མཚོན། གཟེངས་དར་དེ་ནི་གདེང་འཇོག་ཞིག་ཡིན་ལ་ཡིད་ཆེས་ཀྱང་ཡིན་པས། མི་རིགས་ཁག་གི་མང་ཚོགས་དང་ཏང་ཨུ་དང་སྲིད་གཞུང་གི་མཛའ་བརྩེའི་ཕྱི་ཐག་རིང་མོ་ལེགས་པར་མཚོན།