རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུའི་གྲོས་རིམ་ཡོངས་བསྒྲགས་བྱས་འདུག
སྤྱི་ཟླ་3ཚེས་1ཉིན་འཚོགས་པའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་ཐོག་གྲོས་ཐག་བཅད་དོན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་དེ་སྤྱི་ལོ་2026ལོའི་ཟླ་བ་3ཚེས་4ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།
གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་གཤམ་གསལ།
གཅིག ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཉན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ།
གཉིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་བྱས་ཏེ། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་ཉན་ནས་གྲོས་བསྡུར་བྱ་རྒྱུ་མ་ཟད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་མ་ཟིན་ལ་གྲོས་བསྡུར་བྱ་རྒྱུ་བཅས་རེད།
