2026ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་ཁྲོམ་ར་འཁྲུག་ཆ་དོད།
2026ལོའི་དཔྱིད་གསར་དུས་ཆེན་རིང་གི་གློག་བརྙན་སྟོན་མཇུག་སྒྲིལ་བ་དང་། རྒྱལ་ཁབ་གློག་བརྙན་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2026ལོའི་དཔྱིད་གསར་དུས་ཆེན་རིང་གི་གློག་བརྙན་གྱི་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་57.52ཟིན་པ་དང་། སྤ་སེའི་ཆ་སྙོམས་རིན་གོང་དུས་མཚུངས་ལས་བརྒྱ་ཆ་6ཆག་པ། གློག་བརྙན་ལ་ལྟ་མཁན་མི་ཐེངས་དུང་ཕྱུར་1.2ཟིན་པ། གློག་བརྙན་སྟོན་ཐེངས་ཁྲི་435ཟིན་ནས། ཀྲུང་གོའི་གློག་བརྙན་ལོ་རྒྱུས་སྟེང་གི་དཔྱིད་གསར་དུས་ཆེན་རིང་གི་སྤྱིའི་སྟོན་ཐེངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
2026ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་གློག་བརྙན་ནང་《མི་ཚེའི་རེ་སྙེག་3》སོགས་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རིགས་མི་འདྲ་བའི་རྒྱལ་ཐོན་གློག་བརྙན་གསར་པ་མང་པོ་འདུས་ཡོད་པས། ས་ཁོངས་མི་འདྲ་བ་དང་ལོ་ཚོད་མི་འདྲ་བ། སྣེ་མང་ཅན་བཅས་ཀྱིས་གློག་བརྙན་ལ་བལྟ་བའི་དགོས་མཁོ་ཅུང་ཡག་པོ་སྐོང་ཐུབ་ཡོད། ཀྲུང་གོའི་གློག་བརྙན་ ལྟད་མོ་བའི་བློ་ཡིད་ཚིམ་ཚད་བརྟག་དཔྱད་བྱས་འབྲས་ལས་མངོན་པར། 2026ལོའི་དཔྱིད་གསར་དུས་ཆེན་རིང་གི་གློག་བརྙན་ལ་བློ་ཡིད་ཚིམ་ཚད་སྐར་འབྲས་86ཐོབ་པ་དེ་ལོ་རྒྱུས་ཐོག་གི་ཨང་གཉིས་པ་ཡིན་པ་རེད།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས། གྲོང་ཁྱེར་གྱི་དེང་རབས་ཅན་གྱི་གློག་བརྙན་ཁང་ནས་རྫོང་ཁོངས་ས་ཁུལ་གྱི་ཤང་གྲོང་གློག་བརྙན་ཁང་བར། གང་སར་མི་ཚོགས་ཀྱིས་ཁེངས་ཤིང་། གཉེན་ཉེ་དང་གྲོགས་པོ་འཁྲིད་དེ་གློག་བརྙན་ཁང་དུ་གློག་བརྙན་བལྟ་བ་ནི་རིག་གནས་དང་རོལ་རྩེད་བྱེད་སྟངས་ཙམ་མ་ཡིན་པར། དུས་ཆེན་སྐབས་ཀྱི་རྣམ་པར་མཁོ་བའི་བསམ་པའི་རྒྱག་ཕྱེ་ཞིག་ཏུ་གྱུར་ཡོད།
ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་གློག་བརྙན་བརྙན་འཕྲིན་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་སུན་ཁྲེང་ཅན་གྱིས། ཀྲུང་གོའི་གློག་བརྙན་གྱི་སྤ་སེའི་སྤྱིའི་ཡོང་སྒོ་མེ་གླིང་བྱང་མ་ལས་བརྒལ་བ་ནི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན་པ་དང་། དེ་ནི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། འབྱུང་འགྱུར་ཀྲུང་གོའི་གློག་བརྙན་ནི་གཙོ་ཁྲིད་ཀྱི་ནུས་པ་ལྡན་པའི་གོང་འཕེལ་གྱི་རྣམ་པ་ཞིག་ཡིན་ངེས་པ་དང་། ཀྲུང་གོའི་གློག་བརྙན་དེ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གི་རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་དང་སྤེལ་རེས་བྱེད་པ་དང་བསྟུན།ཀྲུང་གོའི་རིག་གནས་ཀྱི་སྐྱེ་སྟོབས་དེ་གློག་བརྙན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཁྱབ་སྤེལ་འགྲོ་རྒྱུ་རེད་ཅེས་གསུས་པ་རེད།
